མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་15ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་བ།

    མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༡༤ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མའོ་སི་ཁོའི་ཁོ་ལེན་མུའུ་ལེན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་། ལི་ཁེ་ཆང་གིས་ཐོག་མར་ཀྲུའུ་ཞི་ཞིས་ཅིན་ཕིང་གི་འཚམས་འདྲི་ཙུང་ཐུང་ཕུའུ་ཅིང་ལ་བརྒྱུད་བསྒྲགས་གནང་རྗེས། ཁོང་གིས་གསུངས་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་། མཉམ་ལས་སྤེལ་རེས་ཀྱི་འབྲེལ་བ་གཏིང་ཟབ་པའི་རྐྱེན་གྱིས་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཉོ་ཚོང་དང་མ་འཇོག་བྱེད་ཤུགས་རྒྱ་ཇེ་ཆེ་དང་། ཁྱབ་ཁོངས་སོ་སོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གོང་འཕེལ་དང་མང་ཚོགས་ལ་ཕན་བདེ་དེ་བས་མང་པོ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།

༄༅།།ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་བ།