མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ལི་ཁེ་ཆང་སྐབས་བཅུ་པའི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་པ་
མ་ཟད་གསུང་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་སྐབས་བཅུ་པའི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་པ་
མ་ཟད་གསུང་བཤད་ཀྱང་གནང་བ།

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་སྨི་ལན་གྲོང་ཁྱེར་དུ་སྐབས་བཅུ་པའི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོ་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་སྣེ་ཁྲིད་ཀྱི་རང་བཞིན་ལྡན་པའི་གསུང་བཤད་ཀྱང་གནང་བ་རེད། ལི་ཁེ་ཆང་གིས་ཨ་ཤེ་ཡ་དང་ཡོ་རོབ་གྱི་སྐམ་ས་ཆེན་པོ་ནི་འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་སྐམ་ས་ཆེན་པོ་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་གོ་སྐབས་མང་ཤོས་དང་བག་ཉལ་སྟོབས་ཤུགས་ཆེ་ཤོས་ཀྱི་སྐམ་ས་ཆེན་པོའང་ཡིན། ཨ་ཤེ་ཡ་དང་ཡོ་རོབ་ཀྱི་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་18འཁོར་བའི་རིང་ལ་ཁོངས་ཞུགས་རྒྱལ་ཁབ་བར་ཆབ་སྲིད་གླེང་མོལ་བྱེད་ཚད་ཟམ་མ་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། མཉམ་ལས་བྱེད་རྒྱ་ཉིན་རེ་བཞིན་ཆེ་རུ་བཏང་བས། ཐུན་མོང་རྩ་འཛུགས་ཀྱི་ཁེ་ཕན་ཆགས་བཞིན་ཡོད། ཀྲུང་གོས་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དང་མཉམ་དུ་ཨ་ཤེ་ཡ་དང་ཡོ་རོབ་ཐུན་མོང་རྩ་འཛུགས་ཀྱི་འདུ་ཤེས་གསོ་སྐྱོང་དང་གོང་བུར་འགྲིལ་བ་དང་། ཨ་ཤེ་ཡ་དང་ཡོ་རོབ་བར་གྱི་མཐུན་སྒྲིག་མཉམ་ལས་དར་སྤེལ་དང་སྐུལ་སྤེལ། སྒོ་འབྱེད་འཆམ་མཐུན། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་ཞི་བདེ་དང་འཕེལ་རྒྱས་ལ་ཕྱོགས་པའི་ཨ་ཤེ་ཡ་དང་ཡོ་རོབ་བར་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།