མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་
དག་བཅོས་གསར་པ་བྱས་པའི་༼དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་
འགན་འཁྲིར་རྩིས་བཤེར་བྱ་རྒྱུའི་སྐོར་གྱི་གཏན་འབེབས་༽ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་པུའུ་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ། སྤྱི་ཁྱབ་དམག་ཆས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་དག་བཅོས་གསར་པ་བྱས་པའི་༼དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་བྱ་རྒྱུའི་སྐོར་གྱི་གཏན་འབེབས་༽ཁྱབ་བསྒྲགས་བྱས་ནས་གནས་བབ་གསར་པའི་འོག་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་ལེགས་པོ་བྱ་རྒྱུར་གཞི་རྩའི་གཞི་འཛིན་ས་འདོན་སྤྲོད་བྱས་པས། དབང་ཆ་འཁོར་རྒྱུག་ལ་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་དཔལ་འབྱོར་དབང་ཆ་བེད་སྤྱོད་བྱེད་པར་འགན་ལེན་ཏན་ཏིག་བྱས་ནས་དམག་དཔུང་གིས་ཀུན་སྤྱོད་དང་སྒྲིག་ཁྲིམས་ལེགས་སྐྱོང་དང་རུལ་རྒོལ་གཙང་སྤེལ་ལ་སྐུལ་སྤེལ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ངེས་རེད།