མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་སྐྱོང་ཀྲུང་གོའི་གནམ་ས་གསར་པ་ཞིག་གཏོད་དགོས། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་དཔྱད་གླེང་།
    ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་ཉེར་ཡོད།“ཁྲིམས་ལྟར་རྒྱལ་སྐྱོང”དེ་དུས་རབས་ཀྱི་ཁྱད་ཆོས་གསལ་པོའི་ཐོག་ནས་ཐེངས་དང་པོ་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་བཀོད་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས“ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ”ཞེས་པའི་ཏང་ཡོངས་ཀྱི་འཐབ་ཇུས་གདམ་ག་དེར་དམ་པོར་དམིགས་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བ།ཁྲིམས་སྐྱོང་གི་བསམ་གཞིག་བེད་སྤྱོད་གཏོང་བ།ཁྲིམས་སྐྱོང་སྟངས་གསར་གཏོད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད།
    འཚོག་ཉེར་ཡོད་པའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་རང་རེའི་ཏང་གི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་ལག་ལེན་ལ་ཕྱོགས་སྡོམ་བྱ་རྒྱུ་ཞིག་ཡིན་ལ“ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི”ཤོག་ལྷེ་གསར་པ་ཞིག་ཕྱེ་བ་དེ་བས་རེད།
    ཁྲིམས་ལྟར་རྒྱལ་སྐྱོང་དེ་ཀྲུང་གོ་གུང་ཁྲན་ཏང་མིའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཡིན་པ།
    “འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ།ཏང་གི་སྲིད་སྐྱོང་ནུས་པ་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་པར་ངེས་པར་དུ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས” ཁྲིམས་སྐྱོང་དེ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་དཀའ་སྤྱད་འཚོལ་ཞིབ་ཅིག་རེད།
    ཁྲིམས་སྐྱོང་དེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།ལོ་རྒྱུས་ཀྱི་འཕོ་འགྱུར་ལས་ཀྲུང་གོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་དུས་ཚོད་ཀྱི་སྐར་ཁུང་ཞིག་ཕྱེ་བ་དང—ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དེ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་འཐབ་ཇུས་ཤིག་དང་ཁྲིམས་སྐྱོང་དེ་རྒྱལ་སྐྱོང་སྲིད་སྒྲུབ་བྱེད་པའི་གཞི་རྩའི་བྱེད་ཐབས་ཤིག་རེད་ཅེས་ནན་བཤད་བྱས་ཡོད།
    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་འཁུར་ནས“རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་མི་དམངས་ལ་གཏོགས་པའི་རྩ་ཁྲིམས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ”ནས“ཁྲིམས་འཛུགས་སྐྱོང་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་ཚད་ཆེ་རུ་གཏོང་བའི”བར་དང་།“བཅའ་ཁྲིམས་ནི་ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས་པ”ནས“སྒྱུར་བཅོས་གལ་ཆེན་ཡིན་ཕྱིན་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བྱེད་དགོས་པའི”བར།“མི་དམངས་མང་ཚོགས་རྣམས་ལ་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ནང་གཞུང་དྲང་དང་དྲང་བདེན་མྱོང་ཚོར་ཐུབ་པ་བྱེད་དགོས་པ”ནས“དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙིའི་ནང་བླུགས་དགོས་པའི”བར་སོགས་དགོངས་པ་གལ་ཆེན་དང་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་དང་འགག་རྩའི་བཀོད་སྒྲིག་དང་ལྟེ་བའི་བྱེད་ཐབས་རབ་དང་རིམ་པ་དེ་དག་ལས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་ཏང་ལ་རྒྱལ་སྐྱོང་སྲིད་སྒྲུབ་པའི་བརྩི་སྲུང་ཞུ་ས་གཙོ་བོ་མཁོ་འདོན་བྱས་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ཡུན་རིང་མ་སོང་བའི་2012ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་སའི་ལས་རིགས་ཁག་གིས་ད་ཆ་ལག་ལེན་བསྟར་བའི་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད།གསུང་བཤད་ནང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་རང་ངོས་འཐུས་ཚང་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་མཐོ་ཚད་ཀྱི་ཐོག་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་།ཁྲིམས་ལྟར་སྲིད་སྐྱོང་།ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་ཁྲིམས་སྐྱོང་རྒྱལ་ཁབ་དང་།ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་དགོངས་པ་གལ་ཆེན་གསལ་སྟོན་གནང་ཡོད།
    “ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཏང་གིས་མི་དམངས་ལ་འགོ་ཁྲིད་གནང་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་འཐབ་ཇུས་དང་།ཁྲིམས་ལྟར་སྲིད་སྐྱོང་ནི་ཏང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྲིད་སྐྱོང་བའི་གཞི་རྩའི་བྱེད་ཐབས།ཁྲིམས་ལྟར་སྲིད་འཛིན་ནི་རིམ་ཁག་སྲིད་གཞུང་གི་གཞི་རྩའི་ཚད་གཞི་བཅས་རེད།ཁྲིམས་སྐྱོང་རྒྱལ་ཁབ་ནི་གཙོ་གཟུགས་དང་།ཁྲིམས་སྐྱོང་སྲིད་གཞུང་ནི་གཙོ་གནད།ཁྲིམས་སྐྱོང་སྤྱི་ཚོགས་ནི་རྨང་གཞི་བཅས་རེད”ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཡོན་ཧྲུའུ་ཧུང་གིས་བཤད་པ་དང་།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“མཐའ་འཁྱོངས་གཉིས”ནི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་སྤྱིའི་བཀོད་སྒྲིག་ཅིག་རེད་ཅེས་བཤད་པ་རེད།