མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བསམ་འཆར་༽པར་འགྲེམས་བྱས་ནས་ལུས་རྩལ་ཐོན་ལས་
མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་22ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ལུས་རྩལ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་༽པར་འགྲེམས་བྱས་ནས་ལུས་རྩལ་ཐོན་རྫས་དང་ཞབས་ཞུ་མཐོ་འདོན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ལུས་རྩལ་ཐོན་ལས་དེ་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་གྱི་སྟོབས་ཤུགས་གལ་ཆེན་ཞིག་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལུས་རྩལ་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་རྒྱུའི་ལས་དོན་བཀོད་སྒྲིག་གནང་།