མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་
འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཧུར་ཐག་བྱེད་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་29ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་བོད་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་ཚོགས་བརྒྱུད་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཧུར་ཐག་དང་གོ་བ་གཏིང་ཟབ་བླངས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་བརྗིད་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
    ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ལས་བྱེད་ལས་བཟོ་ཡོངས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཐུས་མི་དང་དེ་བཞིན་ཚོང་ཚོགས་ཁག་གི་འགན་འཁུར་བ་སྒྲིག་འཛུགས་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།ཚོགས་འདུའི་ཐོག་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་ལས་བྱེད་ལས་བཟོ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་དང་དེ་བཞིན་ཚོང་ཚོགས་ཁག་གི་འགན་འཁུར་བར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས《གཏན་འབེབས》ཀྱི་གལ་ཆེའི་དོན་སྙིང་བརྒྱུད་བསྒྲགས་ཡག་པོ་དང་།སློབ་སྦྱོང་ཡག་པོ།ལག་བསྟར་ཡག་པོ་བཅས་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་སྤྱིའི་དམིགས་ཚད་དང་ལས་འགན་གལ་ཆེན་ཁག་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གཏན་འབེབས》ནང་གི་བཟོ་ཚོང་ལྷན་ཚོགས་ཁོངས་གཏོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་དུས་ཐོག་དང་ནུས་མཐོའི་སྒོ་ནས་ལེགས་སྒྲུབ་ཡག་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
    ཚེས་24ཉིན།རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཤིང་།སློབ་སྦྱོང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཝང་ཡ་ལིན་གྱིས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་འདི་ཉིད་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་དོ་དམ་སྡེ་ཚན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཙོ་ཤུགས་དམག་ཅིག་ཡིན་པའི་ངོས་ནས་ཁོར་ཡུག་ཁྲིམས་སྐྱོང་གི་ལྟ་སྐུལ་བ་ཞིག་ཡིན་པས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དངོས་ཁྲོད་ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་དོན་དག་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས།ཁོར་ཡུག་སྲུང་སྐྱོང་ལས་ཀའི་དོན་དངོས་ཁྲོད་གཅིག་གྱུར་ཡོང་བ་བྱེད་པར་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛུགས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།ཁྲིམས་འཛིན་ལྟ་སྐུལ་ཚད་ལྡན་བཟོ་བ།ཁྲིམས་འཛིན་ཡོངས་བསྒྲགས་གཞུང་དྲང་དང་ཁ་གསལ་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཁོར་ཡུག་གི་ཁྱབ་ཁོངས་གཙོ་བོར་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བདེ་འཇགས་དང་མཛེས་པའི་བོད་ལྗོངས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བཤད།
    ཚེས་26ཉིན།མངའ་རིས་ས་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2014ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་7པ་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་ཤིང་།སློབ་སྦྱོང་ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་སྤྱི་བསྒྲགས》བརྒྱུད་བསྒྲགས་བྱས་པ་རེད།མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་པད་མ་དབང་འདུས་ཀྱིས་སློབ་སྦྱོང་ཚོགས་འདུའི་ཐོག་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས་སློབ་སྦྱོང་གི་དཔྱད་གཞི་སྣ་ཚོགས་དང་སློབ་སྦྱོང་གི་ཐབས་ལམ་སྣ་ཚོགས་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཏན་ཏིག་བྱས་ཏེ་སློབ་སྦྱོང་གི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱེད་དགོས་པ་དང་།རྫོང་ཁག་དང་སྡེ་ཚན་ཁག་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཡག་པོ་བྱས་ནས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ལག་བསྟར་ཡག་པོ་ཐུབ་པ་བྱས་ཏེ་སྲིད་གཞུང་དབང་ཆའི་གསལ་ཐོ་ཁྱབ་གདལ་དང་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་གཏོད་དགོས་པ།སྤྱི་བདེ་དང་།ཞིབ་དཔྱོད།ཁྲིམས་ཁང་།ཁྲིམས་འཛིན་སོགས་སྡེ་ཚན་ལ་ཁྲིམས་འཛིན་གཞུང་དྲང་མཐའ་འཁྱོངས་དང་དོན་དངོས་གཞི་འཛིན་ས་དང་བཅའ་ཁྲིམས་ཚད་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་གཞུང་དྲང་ནན་པོ་བྱས་ཏེ་ནག་མེད་ཉེས་འགེལ་གྱི་གྱོད་གཞི་ཐོན་རྒྱུ་གཏན་འགོག་གིས་འབྲེལ་བ་དང་།ངོ་སོ།དངུལ་བཅས་ལ་བརྟེན་ནས་གྱོད་གཞི་ཐག་གཅོད་གཏན་ནས་བྱེད་མི་རུང་བར་སྤྱི་དམངས་ལ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་གཏོང་དགོས་པ།རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་མཐོའི་མཐོང་ཆེན་དང་།སྣེ་ཁྲིད་ཁྲིམས་སྲུང་།ཁྲིམས་ལྟར་ལས་དོན་སྒྲུབ་པ་བཅས་ཀྱི་ཐོག་ནས་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།