མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིར་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིར་
མཇལ་འཕྲད་གནང་བ།

  མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོར་མཇལ་འཕྲད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ནི་ཨ་ཤེ་ཡའི་མདུན་ལམ་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད། ཨ་ཤེ་ཡའི་རྒྱལ་ཁབ་ཁག་བར་མཉམ་ལས་བྱེད་ལམ་ཡངས་ཤིང་རྒྱ་ཆེ་བ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ལེགས་པོ་ཡོད། ཨ་ཤེ་ཡའི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་ཡར་སྐྱེད་དང་། གཉིས་ཕན་མཉམ་ལས། ཁོང་ཡངས་སྒོ་འབྱེད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱ་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུའི་འགྲོ་ལམ་དུ་བསྐྱོད་དེ་མཛའ་མཐུན་དང་། ཡིད་རྟོན། གཉིས་ཕན། ཁོང་ཡངས་བཅས་ཀྱི་མཐའ་སྐོར་རྒྱལ་ཁབ་དང་འབྲེལ་བ་བྱ་རྒྱུའི་ལྟ་བ་ལག་ལེན་དུ་བསྟར་བ་དང་། སྒོ་འབྱེད་པའི་ས་ཁོངས་རིང་ལུགས་ལག་ལེན་དུ་བསྟར་གྱི་ཡིན། ངས་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་ཐུན་མོང་དུ་ལམ་རྒྱུད་ས་ཁོངས་དཔལ་འབྱོར་གཞི་གཅིག་ཏུ་འགྱུར་བའི་གནས་སྟངས་འཛུགས་སྐྲུན་བྱ་རྒྱུ་ཡིན། འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་བཞིན་པའི་ཀྲུང་གོས་ཨ་ཤེ་ཡ་འཕེལ་རྒྱས་སུ་འགྲོ་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་ངེས་ཡིན་ཞེས་གསུངས་པ་རེད།