མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལྟེ་གནས་དབུ་བརྙེས་ནས་ལོ་ངོ་༣༠འཁོར་བའི་
སྐབས་སུ་ཞིས་ཅིན་ཕིང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

  མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༩ཉིན་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལྟེ་གནས་དབུ་བརྙེས་ནས་ལོ་ངོ་༣༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ནས་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལྟེ་གནས་དབུ་བརྙེས་ནས་ལོ་ངོ་༣༠འཁོར་བའི་རིང་ལ་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཀྲུང་གོའི་རིག་གནས་འཛམ་གླིང་དུ་ཁྱབ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ། ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ནས་དམངས་ཁྲོད་འགྲོ་འོང་བྱེད་པའི་བཟང་ཆ་འདོན་སྤེལ་དང་། སྤྱི་ཚོགས་རང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཐའ་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཅས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་སྣ་ཚོགས་སྤེལ་རེས་དང་མཉམ་འདྲེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པར་སྐུལ་སྤེལ་གཏོང་བའི་ནང་རང་རྒྱལ་གྱི་རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དང་། འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱ་དགོས་པའི་རེ་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།