མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་ཐཱ་སྐུ་གཤེགས་པའི་སྐོར་ཙུང་ཐུང་
གི་ངོ་ཚབ་སི་ཁོ་ཐེ་ལ་མྱ་ངན་ཞུ་བའི་གློག་འཕྲིན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་31ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

 མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༣༠ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་ཐཱ་སྟབས་མ་ལེགས་པར་སྐུ་གཤེགས་པའི་སྐོར་ཙུང་ཐུང་གི་ངོ་ཚབ་སི་ཁོ་ཐེ་ལ་མྱ་ངན་ཞུ་བའི་གློག་འཕྲིན་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་མ་ཟད་ཁོང་རང་གི་མིང་ཐོག་ནས་ཙུང་ཐུང་སཱ་ཐཱ་སྐུ་གཤེགས་པར་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས་པ་དང་། ཙུང་ཐུང་སཱ་ཐཱ་ཡི་གཉེན་ཉེ་ཚོར་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་གནང་བ་རེད།
     ཞིས་ཅིན་ཕིང་གི་ཙུང་ཐུང་སཱ་ཐཱ་ལ་མྱ་ངན་ཞུ་བའི་གློག་འཕྲིན་གྱི་ནང་དུ་ཙུང་ཐུང་སཱ་ཐཱ་འཚོ་བཞུགས་སྐབས་ཀྲུང་ཙན་རྒྱལ་ཁབ་གཉིས་བར་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་གནང་ཞིང་། ཁོང་གིས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་སྐབས་ཀྲུང་ཙན་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་དང་མཉམ་ལས་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་ཕྱིན་ཡོད་ཅེས་བསྟན་པ་རེད།