མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀུའུ་ཐེན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་02ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀུའུ་ཐེན་དུ་འཚོགས་པ།

 མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༣༠ཉིན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཧྥུ་ཅན་ཞིང་ཆེན་ཧྲང་ཧང་རྫོང་ཀུའུ་ཐེན་གྲོང་རྡལ་དུ་འཚོགས་ཤིང་། ཚེས་༣༡ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། ཞིས་ཅིན་ཕིང་གིས་དམག་དཔུང་གི་ཆབ་སྲིད་ལས་དོན་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་རྩེ་གཅིག་ཏུ་དམིགས་ནས་ཏང་གི་གནས་བབ་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་འགྱུར་བར་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུར་ཆབ་སྲིད་ཐོག་གི་འགན་ལེན་འགྱུར་མེད་སྟོབས་ལྡན་འདོན་སྤྲོད་བྱ་རྒྱུ་དེ་རེད། དམག་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་དང་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་ལེན་མཐར་ཕྱིན། ཁྲིམས་ལྟར་དམག་སྐྱོང་དང་དམག་དཔུང་ནན་སྐྱོང་བྱ་རྒྱུའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ་རང་དམག་གི་ཆབ་སྲིད་ལས་དོན་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་རྩེ་གཅིག་ཏུ་དམིགས་ཏེ་གནས་བབ་གསར་པའི་འོག་རང་དམག་གི་ཆབ་སྲིད་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་དགོས་པ་དང་། ཆབ་སྲིད་ལས་དོན་གྱིས་དམག་དཔུང་སྟོབས་ལྡན་དང་དར་རྒྱས་ཡོང་བར་བྱ་རྒྱུར་སྲོག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

༄༅།།དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀུའུ་ཐེན་དུ་འཚོགས་པ།