མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཕྱོགས་
ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་
ནས་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་03ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཕྱོགས་
ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་
ནས་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ།

 མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོཊ་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་ཀྱི་འཕེལ་རིམ་ལ་སྐུལ་སྤེལ་མཐུན་སྦྱོར་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསོ་སྐྱོང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ། སྤྱི་ཚོགས་ཀྱི་འགྲིལ་ཤུགས་གོང་བུ་འགྲིལ་བ་བཅས་བྱས་ཏེ་བཟང་ཆ་དང་བག་ཉལ་སྟོབས་ཤུགས་འདོན་སྤེལ་གང་ལེགས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཕན་འབྲས་གསར་པ་ཟམ་མ་ཆད་པར་ཐོབ་པ་དང་བར་བརྒལ་གསར་པ་མངོན་འགྱུར་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
     ཟླ་༡༡ཚེས་༡ཉིན་ནས་ཚེས་༢ཉིན་བར་ཞིས་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིའུ་ཆོན་དང་ཞིང་ཆེན་གྱི་འགོ་འཛིན་སུའུ་ཧྲུའུ་ལིན་གྱི་ཕེབས་རོགས་འོག་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་ཕེབས་ཏེ་འགག་སྒོ་དང་། གྲུ་ཁ། ཁེ་ལས། སྡེ་ཁུལ་བཅས་སུ་ཟབ་འཇུག་གནང་སྟེ་གཟིགས་ཞིབ་གནང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ་གཏོང་བ། ཀུན་སྤྱོད་ལེགས་སྐྱོང་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་སྐོར་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་པོ་གནང་བ་རེད།