མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བ་དང་འགྲན་སློང་གོ་སྐབས་སུ་འགྱུར་
བར་བྱ་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བ་དང་འགྲན་སློང་གོ་སྐབས་སུ་འགྱུར་
བར་བྱ་དགོས་ཞེས་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་མིག་སྔའི་དཔལ་འབྱོར་གནས་བབ་དང་རྗེས་མའི་དཔལ་འབྱོར་ལས་དོན་སྐོར་ཆེད་མཁས་དང་ཡོན་ཏན་ཅན། ཁེ་ལས་འགན་ཁུར་པ་བཅས་ཀྱི་དགོངས་འཆར་དང་གྲོས་འགོར་གསན་པ་རེད།
     ལི་ཁེ་ཆང་གིས་རྙོང་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དཔལ་འབྱོར་གྱི་གནས་བབ་ཀྱི་མདུན་དུ་སྣེ་མང་འགྱུར་བ་མང་བའི་དཔལ་འབྱོར་སྣང་ཚུལ་ཁྲོད་འཕེལ་ཕྱོགས་གཙོ་བོ་ཁ་ལོ་སྒྱུར་མཁས་པོ་བྱ་དགོས་ལ། འཕེལ་ཕྱོགས་ཆེན་པོ་གསལ་པོར་མཐོང་བ་དེ་བས་ཀྱང་བྱ་དགོས་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་དམངས་གཙོས་ཇུས་ཐག་གཅོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་དགོས། ང་ཚོས་རྒྱང་རིང་ལ་དམིགས་པའི་བྱ་ཐབས་ལ་བརྟེན་ནས་ད་ཡོད་དཀའ་གནད་ཐག་གཅོད་བྱ་རྒྱུར་སྔར་བས་མཐོང་ཆེན་པོ་བྱས་ཏེ་ཚོང་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ནས་འགུལ་ནུས་གསར་པ་འདུ་འགྲིལ་བྱེད་པ་དང་། ཤུགས་སྔར་ལས་མང་བ་སྤུས་ཀ་ཇེ་དག་དང་ཕན་འབྲས་ཇེ་ཆེར་ཡོང་བ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུར་སྤྱད་དེ་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་འགྲོ་བ་དང་རིམ་པ་འཕར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།