མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཁ་ཐར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨའེ་སྨིར་ཐ་སྨི་མུའུ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་05ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ཁ་ཐར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨའེ་སྨིར་ཐ་སྨི་མུའུ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན།  ཟླ་༡༡ཚེས་༤ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁ་ཐར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨའེ་སྨིར་ཐ་སྨི་མུའུ་ལ་མཇལ་འཕྲད་གནང་བ་རེད།
     ཀྲང་ཏེ་ཅང་གིས་ཀྲུང་གོ་དང་ཁ་ཐར་རྒྱལ་ཁབ་བར་འབྲེལ་བ་བཙུཊ་ནས་ལོ་ངོ་༢༦འཁོར་བའི་རིང་ལ་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་རྒྱུ་དང་། ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་ནས་མཉམ་ལས་བྱས་འབྲས་གཡུར་ཟ་བ་ཐོབ་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། སྐུ་ཉིད་ཀྱིས་ཐེངས་འདིའི་འཚམས་འདྲི་གནང་བའི་རིང་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་བར་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་མཉམ་འབྲེལ་གསལ་བསྒྲཊ་སྤེལ་ཞིང་། དེའི་ཐོག་ནས་ཀྲུང་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དུས་རིམ་གསར་པ་ཞིག་ཏུ་འཕེལ་བ་གསལ་པོར་མཚོན་པ་རེད། ཕྱོགས་གཉིས་ཀྱིས་དེ་ཉིད་གོ་སྐབས་སུ་བཟུང་སྟེ་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

༄༅།།ཀྲང་ཏེ་ཅང་གིས་ཁ་ཐར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨའེ་སྨིར་ཐ་སྨི་མུའུ་ལ་མཇལ་འཕྲད་གནང་བ།