མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་
གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་འཛུགས་སྐྲུན་ལ་སྐུལ་སྤེལ་
གང་མགྱོགས་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༤ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་གཙོ་སྐྱོང་གནང་ནས་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་སྐོར་གྱི་ཇུས་འགོད་ཞིབ་འཇུག་བྱས་པ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་འཇོག་དངུལ་ཁང་དང་དར་གོས་འགྲུལ་ལམ་གྱི་ཐེབས་རྩ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་རེད། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་འགོ་དེས་དུས་རབས་ཀྱི་དགོས་འདུན་དང་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་ཇེ་མགྱོགས་བྱ་རྒྱུའི་རེ་འདུན་དང་མཐུན་པ་དང་། ཤོང་ཡངས་རང་བཞིན་ཤིན་ཏུ་ཆེ་བའི་འཕེལ་རྒྱས་སྟེགས་བུ་ཤིག་འདོན་སྤྲོད་བྱས་ཤིང་། ལོ་རྒྱུས་ཀྱི་འབྱུང་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་རྨང་གཞི་གཏིང་ཟབ་པོ་ལྡན་པས། འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་པའི་ཀྲུང་གོའི་དཔལ་འབྱོར་དང་དར་གོས་འགྲུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་ཐུབ་ཀྱི་ཡོད་པས། སྟོབས་ཤུགས་གཅིག་བསྡུས་བྱས་ནས་དོན་ཆེན་དེ་ཉིད་ལེགས་འགྲུབ་བྱ་དགོས་པ་དང་། མཛའ་བཤེས་དང་། ཡིད་རྟོན། གཉིས་ཕན། ཤོང་ཡངས་བཅས་ཀྱི་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་བ་འཛུགས་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དར་གོས་འགྲུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གིས་ང་ཚོ་དང་ངོས་འཛིན་གཅིག་མཐུན་སྔར་ལས་ལྷག་པར་དང་། ང་ཚོར་སྙིང་ཉེ་ཞིང་རྒྱབ་སྐྱོར་སྔར་ལས་ལྷག་པར་གནང་བར་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་པ་རེད།