མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཧོ་མེང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཧོ་མེང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༧ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཧོ་མེང་ལ་མཇལ་འཕྲད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཙུང་ཐུང་ལ་ཧོ་མེང་ཀྲུང་གོར་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བའི་གླེང་མོལ་ཚོགས་འདུར་ཞུཊ་པར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་ཐ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་པོ་དང་། གྲོཊ་པོ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན་ཞིང་། རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བར་ཁྱབ་རྒྱ་ཆེ་ཞིང་བརྟན་པའི་དམངས་འདོད་རྨང་གཞི་ཡོད། ད་ལོའི་ཟླ་བ་༩པར་ངས་ཐ་ཅི་ཁེ་སི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་རིང་སྐུ་ཉིད་དང་ངོས་འཛིན་གཅིག་མཐུན་རབ་དང་རིམ་པ་བྱུང་བ་དང་། ང་ཚོས་གྲོས་ཐག་བཅད་པའི་མཉམ་ལས་རྣམ་གྲངས་ཆེ་གྲས་ཁག་ཅིག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བཞིན་ཡོད། ངས་སྐུ་ཉིད་དང་འབྲེལ་བ་དམ་པོ་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འཆར་འགོད་བྱ་རྒྱུ་མ་ཟད། དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཀྱང་གཏོང་འདོད་ཡོད། རྗེས་སུ་ཕྱོགས་གཉིས་ཀས་བག་ཉལ་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་ནུས་ཁུངས་དང་། འགྲིམ་འགྲུལ། ཞིང་ལས་ལ་སོགས་པའི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་མཉམ་ལས་བྱེད་ཐབས་གསར་པ་དཔྱད་བསྡུར་ཧུར་བརྩོན་བྱེད་པ་དང་། མཉམ་དུ་ལས་སྣོན་ཐོན་སྐྱེད་སྤེལ་ནས་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་དེ་ཆུ་ཚད་དང་རིམ་པ་སྔར་ལས་མཐོན་པོར་འཕེལ་བར་བྱ་དགོས། ཐ་ཅི་ཁེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་ལམ་མཚོ་ཁུག་རྒྱལ་ཁབ་བར་དཔལ་འབྱོར་ཉོ་འཚོང་ཕར་ཚུར་མཐའ་མཚམས་གྲོལ་བའི་དབོར་འདྲེན་བརྒྱུད་ལམ་དུ་འགྱུར་བའི་རེ་འདུན་བྱེད་པར་ཀྲུང་གོའི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཐ་ཅི་ཁེ་སི་ཐན་ཕྱོགས་དང་མཉམ་དུ་ཕན་ཚུན་འབྲེལ་གཏུག་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་སྤེལ་གང་མགྱོ གས་བཏང་ནས་ཐུན་མོང་དུ་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་བདེ་སྲུང་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས་འཕྲིན་དྲའི་ཐོག་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་དུག་འགོག་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ལ་སོགས་པའི་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་ལག་གདང་སྦྲེལ་ནས“སྟོབས་ཤུགས་གསུམ”ལ་རྡུང་རྡེག་གཏོང་དགོས་ཞེས་གསུངས་པ་རེད།