མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སེན་ལ་མཇལ་འཕྲད་
གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སེན་ལ་མཇལ་འཕྲད་
གནང་བ།

མི་དམངས་དྲ་བའི་འཕྲིན།  ཟླ་༡༡ཚེས་༧ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སེན་ལ་མཇལ་འཕྲད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཧུང་སེན་ ཀྲུང་གོར་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བའི་གླེང་མོལ་ཚོགས་འདུར་ཞུགས་པར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ལམ་རིང་གིས་རྟ་ཤེད་ལོན། འདྲིས་རིང་གིས་མི་ཁོག་ལོན། ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱིས་སྙིང་ཉེའི་གྲོགས་པོ་དང་རོགས་ཟླ་བློས་ཐུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱིད་སྡུག་མཉམ་མྱོང་དང་ལག་སྦྲེལ་མཉམ་ལས་བྱེད་བཞིན་ཡོད།  སྲོལ་རྒྱུན་གྱི་མཛའ་བཤེས་དེ་ཧ་ཅང་རྩ་ཆེན་པོ་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བཏང་ནས་ཀྲུང་ཁམ་བར་གྱི་འབྲེལ་བ་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་འཕེལ་ནས་སོ་སྲུང་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པར་འགྱུར་བར་བྱ་དགོས། ཀྲུང་གོའི་ཕྱོགས་ཀྱིས་དབུ་བཞུགས་བློན་ཆེན་ཧུང་སེན་དང་མི་དམངས་ཏང་གིས་འགོ་ཁྲིད་བྱེད་པའི་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱས་ནས་མུ་མཐུད་དེ་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་ཕྱོགས་དང་མཐོ་རིམ་བར་འབྲེལ་གཏུག་དང་ཏང་བར་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། ཕན་ཚུན་འབྲེལ་གཏུག་སྤེལ་རེས་དང་ཞིང་ལས། ཆུ་གློག  དཔལ་འབྱོར་དམིཊ་བསལ་ས་ཁུལ། སློབ་གསོ། སྨན་བཅོས། གློག་འཕྲིན། ཡུལ་སྐོར་ལ་སོཊ་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་སྤེལ་བཏང་ནས་ཐུན་མོང་དུ་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བར་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་དང་གཞོན་ནུའི་བར་སྤེལ་རེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཀྲུང་ཁམ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་ཟམ་མ་ཆད་པར་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀས་ས་ཁུལ་གྱི་ལས་དོན་ཁྲོད་ཕན་ཚུན་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གི་མཐུན་སྒྲིལ་མཉམ་ལས་སྲུང་སྐྱོང་དང་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།