མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་༢༠ཚོགས་པའི་དབུ་ཚོགས་སུ་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༧ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཆིན་ཀང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་ཨ་པོ་ཐེ་ཡིས་གདན་ཞུ་གནང་བ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ་༡༡ཚེས་༡༥ཉིན་ནས་ཚེས་༡༦བར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་པུའུ་ལི་སི་པན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པའི་རྒྱལ་ཁབ་༢༠ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་དགུ་པར་ཞུགས་རྒྱུ་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཏུའུ་ཁོ་སི་ཀེ་ལུའོ་ཧྥུ་དང་ཙུང་ལི་ཨ་པོ་ཐེ། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ཏུའུ་མའེ་ཐེ་ཕ་ལི་དང་ཙུང་ལི་ཡུའེ་ཧན•ཅི། ཧྥི་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ནའེ་ལ་ཏི་ཁའོ་དང་ཙུང་ལི་མུའུ་པའེ་ཉི་མ་ལ་མ་བཅས་ཀྱིས་གདན་ཞུ་གནང་བ་ལྟར། ཟླ་༡༡ཚེས་༡༦ཉིན་ནས་ཚེས་༢༣ཉིན་གྱི་བར་གོང་གི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། ཧྥི་ཅི་རྒྱལ་ཁབ་ཏུ་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འབྲེལ་བ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཞལ་འཛོམས་གནང་རྒྱུ་རེད་ཅེས་ཡོངས་བསྒྲགས་བྱས་པ་རེད།