མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས“པེ་ཅིང་གླེང་སྟེགས”ལ་རྟེན་འབྲེལ་ཞུ་ཡིག་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༧ཉིན་སྐབས་བཅུ་གཅིག་པའི“པེ་ཅིང་གླེང་སྟེགས”དེ་པེ་ཅིང་གྲོང་ཁྱེར་དུ་འཚོག་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གླེང་སྟེགས་འཚོགས་པར་རྟེན་འབྲེལ་ཞུ་ཡིག་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གླེང་སྟེགས་འཚོག་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད། ཙུང་ལི་ལི་ཁེ་ཆང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་སྦྱང་་ཡང་གནང་བ་རེད།
     ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་ཡིག་ནང་དུ་འདི་ལོའི་གླེང་སྟེགས་དེས“དཔལ་ཡོན་དར་བའི་འཆམ་མཐུན་དང་མཉམ་དུ་དར་རྒྱས་ཡོང་བ__ཀྲུང་གོ་དང་འཛམ་གླིང་སྟེ། སྲོལ་རྒྱུན་དང་དངོས་ཡོད། འབྱུང་འགྱུར”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པས། དུས་རབས་ཀྱི་དོན་སྙིང་མངོན་གསལ་དོད་པོ་ལྡན་པ་རེད་ཞེས་བསྟན་གནང་བ་རེད།