མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་པ་རེན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་གྱི་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་པ་རེན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་གྱི་འཚམས་འདྲི་གནང་བ།

མི་དམངས་དྲ་བའི་འཕྲིན། པ་རེན་རྒྱལ་ཁབ་ཀྱི་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་ཨ་ལི•པུན་ས་ལི་ཧེ•ཨ་ལེ་ས་ལི་ཧེ་ཡིས་གདན་ཞུ་གནང་བ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཟླ་༡༡ཚེས་༥ཉིན་ནས་ཚེས་༧ཉིན་གྱི་བར་པ་རེན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་གྱི་འཚམས་འདྲི་གནང་ཞིང་། འཚམས་འདྲི་གནང་རིང་ཁོང་གིས་པ་རེན་རྒྱལ་ཁབ་ཀྱི་རྒྱལ་པོ་ཧ་མ་ཏེ་དང་། རྒྱལ་རྒྱུད་འཛིན་མི་ས་ལེ་མན། དབུ་བཞུགས་བློན་ཆེན་གཞོན་པ་མ་ཧཱ་མུ་ཏི། རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོའམ་གྲོས་ཚོགས་འོག་མའི་ཚོགས་གཙོ་གཅིག་ལྕོགས་ཀྲ་ཧེ་ལ་ཉི་བཅས་ལ་མཇལ་འཕྲད་གནང་བ་མ་ཟད། གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་ཨ་ལི་དང་གྲོས་མོལ་ཡང་གནང་བ་རེད།