མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་
ཆེ་རུ་གཏོང་རྒྱུའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་
གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་09ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་
ཆེ་རུ་གཏོང་རྒྱུའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་
གསུང་བཤད་གལ་ཆེན་ཡང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༨ཉིན་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གླེང་མོལ་ཚོགས་འདུ་པེ་ཅིང་གྲོང་ཁྱེར་གྱི་ཏིའོ་ཡུས་ཐའེ་རྒྱལ་ཁབ་ཀྱི་མགྲོན་ཁང་དུ་འཚོགས་ཤིང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྤྱོང་གནང་བ་མ་ཟད་ཁ་བྱང་ལ་<<ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱིས་འཕེལ་རྒྱས་ཀྱི་སྣེ་འཁྲིད་པ་དང་། རོགས་ཟླ་ཚོས་མཉམ་ལས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས་>>ཞེས་པའི་གསུང་བཤད་གལ་ཆེན་ཡང་གནང་ནས་ཨེ་ཤེ་ཡའི་རྒྱལ་ཁབ་འཕེལ་རྒྱས་གཏོང་ཕྱོགས་གཙོ་གནད་དུ་འཛིན་པ་དང་། དཔལ་འབྱོར་མཐུད་འབྲེལ་ས་རྒྱུད་ནར་རིང་རྒྱབ་རྟེན་དུ་འཛིན་པ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འགག་གནད་སྒྲོལ་སར་འཛིན་པ། མ་དངུལ་བསྡུ་རྒྱུག་སྟེགས་བུ་འཛུགས་སྐྲུན་དམ་འཛིན་བྱེད་གནད་དུ་འཛིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་འབྲེལ་ཐག་ཏུ་འཛིན་པ་བཅས་ཀྱིས་དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་འཛུགས་སྐྲུན་གྱི་དངོས་དོན་གཉེར་བའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་བར་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་བྱས་ནས་མཉམ་དུ་འཕེལ་རྒྱས་དང་སྐྱིད་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

༄༅།།ཞིས་ཅིན་ཕིང་གིས་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་
ཆེ་རུ་གཏོང་རྒྱུའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་
གསུང་བཤད་གལ་ཆེན་ཡང་གནང་བ།