མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་09ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལིར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༨ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཞེ་ལི་ཧྥུའུ་ལ་མཇལ་འཕྲད་གནང་ཞིང་། ཞིས་ཅིན་ཕིང་གིས་ཞེ་ལི་ཧྥུའུ་ཀྲུང་གོར་ཕན་ཚུན་འབྲེལ་གཏུག་སྤེལ་རེས་ཀྱི་རོཊ་ཟླའི་འབྲེལ་བ་བྱེད་ཤུཊ་ཆེ་རུ་གཏོང་རྒྱུའི་གླེང་མོལ་ཚོགས་འདུར་ཞུགས་པར་ཕེབས་པར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས། ཞེ་ལི་ཧྥུའུ་ཡིས་ཕ་ཁི་སི་ཐན་མི་དམངས་ཀྱིས་ཁྱིམ་ཚང་གཅིག་གི་གཉེན་ཉེ་ཕར་ཚུར་འགྲོ་འོང་བྱེད་པ་ལྟར་ཀྲུའུ་ཞི་ཞིས་ཅིན་ཕིང་སྔ་ཙམ་ཕ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་དེར་ཐུགས་རྗེ་ཆེ་ཞུས་པ་དང་སྔ་ཙམ་འཚམས་འདྲི་བྱེད་པར་ཡོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་ནི་གྲོགས་པོ་བློས་ཐུབ་དང་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླ་འགྱུར་མེད་ཡིན། ད་ལོའི་ཟླ་༢པར་ཙུང་ཐུང་ཧོའུ་སའེ་དབྱིན་གྱིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་ཞིང་། ང་གཉིས་ཀྱིས་ཀྲུང་ཕ་རྒྱལ་ཁབ་གཉིས་བར་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་སྤེལ་བྱ་རྒྱུ་དང་ཀྲུང་ཕ་རྒྱལ་ཁབ་གཉིས་སྐྱིད་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པ་འཛུཊ་སྐྱོང་བྱ་རྒྱུའི་སྐོར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་།  བརྟན་ལྷིང་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པར་མུ་མཐུད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་སྟེ་བདེ་འཇགས་ཀྱི་འཐབ་ཇུས་སྤེལ་བར་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་ཀས་བདེ་སྲུང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་སྔར་མུས་བཞིན་བྱ་ཐབས་ནུས་ལྡན་གང་ཡོད་ལག་བསྟར་བྱས་ནས་ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་ལས་ཁུངས་དང་མི་སྣའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།