མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཁ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཕོ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་09ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཁ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཕོ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༨ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཕོ་དང་གྲོས་མོལ་གནང་ཞིང་། ལི་ཁེ་ཆང་གིས་དང་ཐོག་ཟླ་བ་སྔ་མར་ཁ་ན་ཏ་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་དམག་མི་རྐྱེན་ལམ་དུ་ཤོར་བར་སེམས་གསོའི་འཚམས་འདྲི་གནང་བ་རེད། ཧ་ཕོ་ཡིས་ལི་ཁེ་ཆང་གིས་སེམས་གསོའི་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
     ལི་ཁེ་ཆང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། ཐེངས་འདིའི་འཚམས་འདྲི་གནང་རིང་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕྱི་འབྲེལ་པུའུ་ཀྲང་བར་གྱི་ལོ་འཁོར་མོའི་གླེང་མོལ་དང་། དཔལ་འབྱོར་ནོར་སྲིད་དངུལ་རྩ་བཅས་པའི་འཐབ་ཇུས་ཀྱི་གླེང་མོལ་ལམ་སྲོལ་འཛུགས་རྒྱུའི་གྲོས་ཐག་བཅད་པས། དེའི་ཐོག་ནས་ཀྲུང་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཐབ་ཇུས་ཀྱི་རང་བཞིན་དང་ཆུ་ཚད་མཐོན་པོ་ལྡན་པ་མཚོན་ཡོ ད། ཀྲུང་གོའི་ཕྱོགས་ཀྱིས་ཁ་ན་ཏའི་ཕྱོགས་དང་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་། མཉམ་ལས་བག་ཉལ་སྟོབས་ཤུགས་སྔོག་འདོན། ཕྱོགས་འགལ་ཐག་གཅོད་འོས་ཤིང་འཚམས་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།