མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་
མ་ཟད་རྡོག་ཚིག་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་
མ་ཟད་རྡོག་ཚིག་གསུང་བཤད་ཀྱང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༩ཉིན་༢༠༡༤ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་པེ་ཅིང་གྲོང་ཁྱེར་གྱི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གྲོས་ཚོཊ་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཁ་བྱང་ལ་<<ཡུན་རིང་འཕེལ་རྒྱས་ཡོང་བར་བརྩོན་གཉེར་དང་ཐུན་མོང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཕུགས་འདུན་མངོན་འགྱུར་བྱ་དགོས་>>ཞེས་པའི་རྡོག་ཚིག་གསུང་བཤད་ཀྱང་གནང་བ་རེད། ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་ལ་རྒྱུན་ཚུལ་གསར་པ་ཐོན་པས། ཀྲུང་གོར་འཕེལ་རྒྱས་གཏོང་རྒྱུའི་གོ་སྐབས་གསར་པ་ཡོང་རྒྱུ་རེད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་བྱ་གཞག་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་འཕེལ་རྒྱས་བྱུང་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་འཛམ་གླིང་ལ་གོ་སྐབས་དང་ཁེ་ཕན་ཡོང་རྒྱུ་རེད། ཀྲུང་གོས་ས་ཁུལ་དེ་གའི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་ཕུགས་འདུན་བཟང་པོ་མངོན་འགྱུར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།