མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏིའོ་ཡུས་ཐའེ་རྒྱལ་ཁབ་ཀྱི་མགྲོན་ཁང་དུ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་བ་རེད།
     ཞིས་ཅིན་ཕིང་གིས་འདི་ལོ་ནས་བཟུང་ང་གཉིས་བར་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཨུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་རྩེ་རིམ་གྱིས་ཇུས་འགོད་དང་འཐབ་ཇུས་ཐོག་སྣེ་ཁྲིད་བྱེད་ཤུཊ་ཆེ་རུ་བཏང་བ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་བར་མཛའ་མཐུན་མཉམ་ལས་བྱེད་པའི་རྒྱུན་ལྗང་ལྗོན་ཤིང་གསོ་སྐྱོང་བྱས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་སྟེ། ཕྱོགས་གཉིས་བར་ཉོ་འཚོང་བྱས་གྲངས་དང་ཕྱོགས་གཉིས་ཕན་ཚུན་མ་དངུལ་བཞག་གྲངས་རྒྱུན་མཐུད་ངང་འཕར་སྣོན་ཕྱིན་པ་དང་། ཤར་རྒྱུད་དུ་རང་བྱུང་སོལ་རླངས་འདྲེན་བྱེད་ལྕགས་མདོང་འདིང་ཁྲིད་བྱེད་པ་དང་ཤར་ནུབ་རྒྱུད་དུ་མ་བཅོས་རྡོ་སྣུམ་མཁོ་སྤྲོད་བྱས་གྲངས་འཕར་སྣོན་གཏོང་བ་སོགས་མཉམ་ལས་རྣམ་གྲངས་ཁག་གཅིག་གི་ཐད་གོང་འཕེལ་གལ་ཆེན་བྱུང་བ། དངོས་དོན་གཉེར་བའི་མཉམ་ལས་ནས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་དང་། ཁྱབ་སྤེལ་དངོས་སྤྱོད། ཐོན་སྐྱེད་བཟོ་སྐྲུན་བཅས་ཀྱི་བྱེད་ཐབས་གསར་པར་སྒྱུར་པ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོཊ་སྤེལ་རེས་རྒྱས་པོ་བྱེད་པ།རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་སྔར་ལས་དམ་ཞིང་ནུས་ལྡན་བྱེད་པ་སོགས་རེད། རྒྱལ་ཁབ་གཉིས་ཀྱི་རྒྱལ་ནང་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་བར་འཐབ་ཇུས་ཀྱི་མཉམ་ལས་རོཊ་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྒྲ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། དེའི་ཐོག་ནས་ང་ཚོས་གཏན་འབེབས་བྱས་པའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་བྱེད་ཕྱོགས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བློ་ཁ་དང་མཐུན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཞིང་། དུས་ཀྱི་འཁོར་ཕྱོགས་ཡིན་པ་གསལ་པོ་མཚོན་པ་རེད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་མང་པོ་ཇི་ལྟར་བྱུང་ཡང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རང་རེའི་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་འབྲེལ་བ་བྱ་རྒྱུའི་དམིགས་སུ་བཀར་བའི་བྱེད་ཕྱོགས་སུ་འཛིན་པ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་དང་འཐབ་ཇུས་ཐོག་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་བྱ་དགོས་པ་དང་། ཕྱོཊ་མཐའ་ཀུན་ནས་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཆེར་དང་ཇེ་ཟབ་བྱ་དགོས་ཞེས་གསུངས་པ་རེད།