མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 17:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའོ་ཁོ་ལ་མཇལ་འཛོམས་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་ས་ཁུལ་འདིའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ཁེ་ཕན་ཡོད་ལ། ཐུན་མོང་དུ་འགན་ཡང་འཁུར་དགོས། ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ལྟ་ཕྱོགས་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོ་ཁུར་བྱས་ཏེ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་ཡིད་ཆེས་གཏིང་ཟབ། མཉམ་ལས་བྱེད་ཤུགས་ཆེར་གཏོང་བཅས་ཀྱི་སྒོ་ནས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། དཔུང་དཔུང་པ་མཉམ་གཤིབ་ཀྱིས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།