མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་13ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༢ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གྲོས་མོལ་གནང་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་ཐུན་མོང་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལྷག་བསམ་ཟོལ་མེད་ཀྱིས་དགོངས་འཆར་བརྗེ་རེས་གཏིང་ཟབ་པོ་གནང་ཞིང་། ཞིས་ཅིན་ཕིང་གིས་ཁ་ཕྱོགས་གཙོ་གནད་དྲུག་གི་ཐོག་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་གསར་པ་འཛུཊ་སྐྱོང་བྱེད་པར་སྐུལ་སྤེལ་སྔར་ལས་ལྷག་པར་གཏོང་དགོས་ཞེས་གསུངས། དང་པོ། མཐོ་རིམ་བར་མཐུན་སྦྱོར་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་ལྷག་པར་བྱ་དགོས་པ་དང་། གཉིས་པ། ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཐག་གཅོད་བྱ་དགོས་པ། གསུམ་པ། ཁྱབ་ཁོངས་ཁག་བར་གྱི་སྤེལ་རེས་དང་མཉམ་ལས་ཟབ་སྤེལ་བྱ་དགོས་པ། བཞི་པ། དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་ནས་ཕྱོགས་འགལ་དང་ཚོར་སྣང་སྐྱེན་པའི་གནད་དོན་དོ་དམ་ཚོད་འཛིན་བྱ་དགོས་པ། ལྔ་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་ཁོང་ཡངས་རོཊ་ལས་ལས་དོན་སྤེལ་དགོས་པ། དྲུག་པ། ཐུན་མོང་དུ་ས་ཁུལ་དང་འཛམ་གླིང་གི་རང་བཞིན་ལྡན་པའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་པ་བཅས་རེད།