མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།ཞིས་ཅིན་ཕིང་གིས་མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༣ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་གནང་། ཞིས་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཐོན་རྫས་སྔར་ལས་མང་བ་ཀྲུང་གོར་འདྲེན་པར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། སང་ལོར་ཀྲུང་གོར་གཉེར་རྒྱུའི་མོ་ཞི་ཁོའི་ཡུལ་སྐོར་ལོ་དང་སྐབས་གཉིས་པའི་ཀྲུང་མོ་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་པོའི་སློབ་གཙོའི་གླེང་སྟེགས་ལེགས་གཉེར་བྱ་དགོས། ཕྱོགས་གཉིས་ཀས་ཕྱོགས་མང་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་གཞུང་དྲང་ལུཊ་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་དགོས། ཀྲུང་གོའི་ཕྱོགས་ཀྱིས་མོ་ཞི་ཁོའི་ཕྱོགས་དང་གཞོགས་འདེགས་དམ་པོ་བྱས་ཏེ་སང་ལོར་པེ་ཅིང་དུ་གཉེར་རྒྱུའི་ཀྲུང་གོ་དང་ལི་ཐིང་ཨ་མེ་རི་ཁ་གླིང་གི་གླེང་སྟེགས་ཀྱི་སྐབས་དང་པོའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལེགས་པར་འཚོགས་ཏེ་ཀྲུང་གོ་དདང་ལ་ཐིང་ཨ་མེ་རི་ཁ་གླིང་ཧྲིལ་པོའི་བར་གྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།