མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༠ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་མཇལ་འཛོམས་གནང་བ་རེད། ཞིས་ཅིན་ཕིང་གིས་ད་ལོའི་ཟླ་བ་དགུ་པར་རང་ཉིད་ཧན་གོར་འཚམས་འདྲིར་སྐྱོད་སྐབས་ཀྲུང་ཧན་དབར་གྱི་འཐབ་ཇུས་མཉམ་ལས་རོཊ་ཟླའི་འབྲེལ་བ་འཐུས་ཚང་དང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ང་ཚོར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བ་དང་ལྷག་པར་དུ་ཀྲུང་ཧན་རང་མོས་ཚོང་དོན་ཁུལ་གྱི་གྲོས་ཆོད་འཇོག་རྒྱུའི་གྲོས་མོལ་མགྱོགས་སུ་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད། ཕྱོགས་གཉིས་པོས་ཀྲུང་ཧན་རང་མོས་ཚོང་དོན་ཁུལ་གྱི་གྲོས་ཆོད་དེའི་དོན་དམ་པའི་གྲོས་མོལ་མཇུག་འགྲིལ་མ་ཐག་ཡིན་པ་དེ་རང་ཉིད་དགའ་སྤྲོའི་ངང་ཤེས་རྟོགས་བྱུང་། ཀྲུང་ཧན་རང་མོས་ཚོང་དོན་ཁུལ་བཙུགས་པར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཞིང་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁོངས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད། ཁྱེད་རང་དང་མུ་མཐུད་འབྲེལ་མཐུད་བྱས་ནས་གལ་ཆེའི་གནད་དོན་སྐོར་དུས་ཐོག་ཏུ་བསམ་འཆར་སྤེལ་རེས་བྱེད་པ་དང་། མཛའ་མཐུན་མཉམ་ལས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་གཉིས་དབར་གྱི་དངོས་སྒྲུབ་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཐད་སྔར་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས་ཀྲུང་ཧན་རྒྱལ་ཁབ་གཉིས་ཁྱིམ་མཚེས་ཞི་མཐུན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོབྱེད་པའི་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེར་མོས་མཐུན་ཡོད་ཅེས་གསུངས་པ་རེད།
         ཕེའོ་ཅིན་ཧུའེ་ཡིས་དེ་རིང་ནི་ཧན་ཀྲུང་ཕྱོགས་གཉིས་པོས་ཐུན་་་མོང་ཐོག་རྟེན་འབྲེལ་ཞུ་འོས་པའི་ཉིན་མོ་ཞིག་རེད། ཧན་ཀྲུང་རང་མོས་ཚོང་དོན་ཁུལ་བཙུགས་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་ཨེ་ཤེ་ཡའི་འཕེལ་རྒྱས་དར་སྤེལ་ཡོང་བའི་ངོས་ནས་བརྗོད་ན་གཏམ་བཟང་ཡག་པོ་གལ་ཆེན་ཞིག་རེད། ཧན་གོ་ཕྱོགས་ཀྱིས་མུ་མཐུད་འབད་བརྩོན་བྱས་ནས་འབྲེལ་ཡོད་གྲོས་ཆོད་གང་མགྱོགས་འཇོག་པ་མ་ཟད་ནུས་པའང་ཐོན་པ་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ནས་ཧན་ཀྲུང་གི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།