མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་
ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་
ནང་ཞུགས་པ།

     མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༥ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་དེ་ཨོ་སི་ཁྲུ་ལི་རྒྱལ་ཁབ་ཀྱི་གྲོང་ཁྱེར་པུའུ་ལི་སི་པན་དུ་གནང་བ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མཱ་བཅས་ཞུགས་ཡོད་པ་རེད། རྒྱལ་ཁབ་ལྔའི་འགོ་ཁྲིད་ཀྱིས་འབོ་གསེར་རྒྱལ་ཁབ་དབར་གྱི་མཉམ་ལས་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་ཐུན་མོང་གི་ངོས་འཛིན་གང་ལེགས་བྱུང་བ་རེད།
     ཞིས་ཅིན་ཕིང་གིས་དཔལ་འབྱོར་མཉམ་ལས་ནི་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་རྒྱུན་སྲིང་གི་སྒུལ་ཤུགས་ཤིག་ཡིན་པར་བརྟེན་ང་ཚོས་སྒོ་དབྱེ་དང་། བསྟུན་མཁས། མཉམ་ལས། གཉིས་ཐོབ་བཅས་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་སྙིང་སྟོབས་ཐོག་ནས་གཞི་གཅིག་ཅན་གྱི་ཁྲོམ་ར་ཆེ་མོ་དང་། དངུལ་རྩའི་འཁོར་རྒྱུག་ཆེ་མོ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཆེ་མོ་བཅས་ལ་མུ་མཐུད་འབད་བརྩོན་བྱེད་པ་དང་། དཔལ་འབྱོར་མཉམ་ལས་ཀྱི་ཡུན་རིང་འཆར་འགོད་བཟོས་ནས་དཔལ་འབྱོར་རོགས་ཟླའི་འབྲེལ་བ་དེ་བས་ཟབ་མོ་འཛུགས་དགོས། འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་འཛུགས་རྒྱུ་དང་འཕྲལ་སྡོམ་གྲབས་གསོག་བཀོད་སྒྲིག་བྱ་རྒྱུ་དེ་དོན་ཆེན་ཞིག་ཡིན་པས་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་བྱེད་པར་ཆབ་སྲིད་དང་དཔལ་འབྱོར་ཕྱོགས་གཉིས་ཀྱི་ཐོག་ནས་སྐུལ་མ་བཏང་སྟེ་འཛམ་གླིང་དཔལ་འབྱོར་གྱི་སྒུལ་བྱེད་འཕྲུལ་འཁོར་ཞིག་བྱེད་དགོས་ལ་རྒྱལ་སྤྱིའི་ཞི་བདེའི་ཕུབ་ཅིག་ཀྱང་བྱས་ནས་རྒྱལ་སྤྱིའི་ཆབ་སྲིད་དང་བདེ་འཇགས་ཁྱབ་ཁོངས་ནང་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དྲང་བཞག་དང་དྲང་བདེན་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ནང་ཧུར་ཐག་ཞུཊ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། ང་ཚོས་འཚོག་ཉེར་ཡོད་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་པུའུ་ལི་སི་པན་དབུ་ཚོཊ་ཐོག་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཚོགས་འདུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ནས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུཊ་རྒྱུར་གཞོལ་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུཊ་ཀྱི་སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་པེ་ཅིང་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཉིན་ཤས་གོང་ཀྲུང་གོས་པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུཊ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་༢༢པ་གཙོ་གཉེར་བྱས་པ་ཡིན། ད་རེས་ཀྱི་ཚོགས་འདུའི་ཐོག་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་འཛུཊ་པའམ། འཕེལ་རྒྱས་གསར་གཏོད་དང་། འཕར་སྣོན་མཉམ་འགུལ། ཁེ་ཕན་མཉམ་བསྲེས་བཅས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་རྣམ་པ་གཏོད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལག་ལེན་བསྟར་འགོ་ཚུགས་པ། ཕན་ཚུན་འབྲེལ་མཐུད་ཀྱི་འཆར་གཞི་བཟོ་བ། དཔལ་འབྱོར་གསར་གཏོད་འཕེལ་རྒྱས་དང་། སྒྱུར་བཅོས། འཕར་སྣོན་བཅས་ཐད་ཐུན་མོང་གི་ངོས་འཛིན་ཆགས་པ་བཅས་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། གྲུབ་འབྲས་དེ་དག་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ལ་འཕྲད་པའི་འགྲན་སློང་གཅིག་མཐུན་བྱུང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་ཐད་ཕྱོགས་ཁག་གིས་ཐུན་མོང་ཐོག་རེ་སྒུག་བྱེད་ལུགས་མཚོན་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕུགས་ཀྱི་དར་རྒྱས་གོང་འཕེལ་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།