མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཐ་སི་མ་ཉི་ཡ་ཀྲོའུ་རུ་གཟིགས་སྐོར་
འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཐ་སི་མ་ཉི་ཡ་ཀྲོའུ་རུ་གཟིགས་སྐོར་
འཚམས་འདྲི་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༨ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཐ་སི་མ་ཉི་ཡ་ཀྲོའུ་རུ་གཟིགས་སྐོར་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲོའུ་ཏུའུ་བཞུགས་གནས་སུ་ཐ་སི་མ་ཉི་ཡ་ཀྲོའུ་ཡི་ལས་ཚབ་ཀྲོའུ་ཏུའུ་པུའུ་ལུའོ་དང་ཀྲོའུ་ཡི་འགོ་འཛིན་ཧོ་ཅི་མན་ལ་མཇལ་འཕྲད་གནང་ཞིང་། ཞིས་ཅིན་ཕིང་གིས་ང་ནི་ཀྲུང་གོ་དང་ཐ་སི་མ་ཉི་ཡ་ཀྲོའུ་བར་མཛའ་མཐུན་ལྡན་པའི་སྒོ་ནས་འབྲེལ་གཏུག་བྱས་པ་དངོས་སུ་མྱོང་མཁན་ཡིན། ༢༠༠༡ལོར་ངས་ཧྥུའུ་ཅན་ཞིང་ཆེན་ཀྱི་འགོ་འཛིན་བྱེད་རིང་ཐ་སི་མ་ཉི་ཡ་ཀྲོའུ་ཡི་འགོ་འཛིན་སྐུ་ཞབས་ཕེ་ཀེང་འཚམས་འདྲི་་གནང་བར་ཕེབས་པར་སྣེ་ལེན་བྱེད་མྱོང་། ཐ་སི་མ་ཉི་ཡ་ཀྲོའུ་དང་ཧྥུའུ་ཅན་ཞིང་ཆེན་བར་གྱི་མཛའ་མཐུན་འབྲེལ་བ་ལོ་ངོ་༣༣བརྒྱུད་པའི་རིང་འཕེལ་རྒྱས་ཉིན་རེ་ལས་ཉིན་རེར་ལེགས་སུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་བར་གྱི་སྤེལ་རེས་དང་མཉམ་ལས་སྐུལ་ཁྲིད་བྱས་པ་རེད། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཏུ་ ཐ་སི་མ་ཉི་ཡ་ཀྲོའུ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུའི་བག་ཉལ་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཕྱོགས་གཉིས་ཀས་ཀྲུང་ཨོའི་བར་ཕྱོགས་ཡོངས་ནས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་རང་མོས་ཚོང་གཉེར་ཁུལ་འཛུགས་སྐྲུན་བྱེད་པའི་མཐུན་རྐྱེན་ལ་བརྟེན་ནས་དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། ནགས་ལས། ཡུལ་སྐོར་ལ་སོགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གསར་གཏོད་བསྐྱེད་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཐ་སི་མ་ཉི་ཡ་ཀྲོའུ་རུ་གཟིགས་སྐོར་
འཚམས་འདྲི་གནང་བ།
༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཐ་སི་མ་ཉི་ཡ་ཀྲོའུ་རུ་གཟིགས་སྐོར་
འཚམས་འདྲི་གནང་བ།