མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཨ་པོ་ཐེ་གཉིས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་ཀྲོའུ་ཡི་
འགན་ཁུར་པའི་གླེང་སྟེགས་སུ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་ཨ་པོ་ཐེ་གཉིས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་ཀྲོའུ་ཡི་
འགན་ཁུར་པའི་གླེང་སྟེགས་སུ་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༩ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པོ་ཐེ་དང་མཉམ་དུ་ཞི་ཉི་གྲོང་ཁྱེར་དུ་འཚོགས་པའི་སྐབས་དང་པོའི་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་ཀྲོའུ་ཡི་འགན་ཁུར་པའི་གླེང་སྟེགས་སུ་ཞུགས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་ཀྲོའུ་ཡི་འགན་ཁུར་པའི་གླེང་སྟེཊ་བཙུཊ་པར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ཁོ་བོ་ནི་ཀྲུང་གོའི་ས་གནས་སུ་ལས་ཀ་ཡུན་རིང་བྱེད་མྱོང་བས། ས་གནས་ཀྱི་འགོ་ཁྲིད་པའི་འགན་ཧ་ཅང་ལྗིད་པོ་ཡོད་པ་དང་ལས་དོན་སྒྲུབ་པར་ལས་སླ་པོ་མིན་པ་གསལ་པོར་ཤེས་ཀྱི་ཡོད་པ་དང་། ས་གནས་བར་སྤེལ་རེས་བྱས་པ་དེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་པ་ཡང་གསལ་པོར་ཤེས་ཀྱི་ཡོད། ས་གནས་ནི་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་པའི་ཆེས་གཞི་མ་དང་ཆེས་དངོས་གཉེར་གྱི་རིམ་པ་ཡིན་པས། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་བྱས་འབྲས་མི་དམངས་ལ་ཕན་ས་ཆེས་མདུན་ས་རེད། རྩ་བ་ཟབ་ན་བརྟན་པོ་ཡོང་ངེས་རེད། ཀྲུང་ཨོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ས་གནས་སུ་རྩ་བ་འཛུགས་པ་དང་། ས་གནས་ལ་བརྟེན་པ། ས་གནས་ལ་ཕན་པ་བཅས་བྱ་དགོས། ཀྲུང་ཨོ་རྒྱལ་ཁབ་གཉིས་བར་མཛའ་མཐུན་ཞིང་ཆེན་ནམ་ཀྲོའུ་དང་མཛའ་མཐུན་གྲོང་ཁྱེར་བར་གྱི་འབྲེལ་བ་ཆ་༩༤བཙུགས་ཡོད་ཅིང་། རིམ་པ་སོ་སོའི་བར་ཕན་ཚུན་སྤེལ་རེས་སྐུལ་སྤེལ་ཡང་ཡང་བྱེད་བཞིན་ཡོད་པ་དང་། མཉམ་ལས་ཁྱབ་ཁོངས་ཕྱོགས་གང་ཅིའི་ཐད་ལ་ཁྱབ་ཡོད། ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་ཀྲོའུ་ཡི་འགན་ཁུར་པའི་བར་གྱི་སྤེལ་རེས་མཉམ་ལས་ཀྱི་སྒྲིག་སྲོལ་འདི་བཙུགས་པ་ནི་ཀྲུང་ཨོ་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་པའི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད། ཀྲུང་ཨོ་རྒྱལ་ཁབ་གཉིས་བར་ལ་ཕྱོགས་ཡོངས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་པ་དང་དོན་དངོས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་རང་མོས་ཉོ་འཚོང་ཆོད་དོན་སྐོར་གྱི་གྲོས་མོལ་མཇུག་བསྒྲིལ་བས། ཕྱོགས་གཉིས་ཀས་གོ་སྐབས་དམ་འཛིན་དང་། ཁྱོན་ཡོངས་གནད་ཆེར་འཛིན་པ། ཡུལ་བབ་དང་བསྟུན་པ།  ལེགས་ཆ་ཕན་ཚུན་གསེབ་རེས། ཕན་འབྲས་དངོས་ཐོབ་པར་མཐོང་ཆེན་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ས་གནས་བར་འགྲོ་འོང་སྔར་ལས་རྒྱས་པོ་ཡོང་བ་དང་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་བསྟན་གནང་བ་རེད།