མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་འཛམ་གླིང་འཕྲིན་སྦྲེལ་དྲ་རྒྱའི་ཚོགས་ཆེན་དུ་ཞུགས་པའི་རྒྱབ་ཁབ་ཕྱི་
ནང་གི་འཐུས་མི་ཚོ་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་འཛམ་གླིང་འཕྲིན་སྦྲེལ་དྲ་རྒྱའི་ཚོགས་ཆེན་དུ་ཞུགས་པའི་རྒྱབ་ཁབ་ཕྱི་
ནང་གི་འཐུས་མི་ཚོ་དང་བཞུགས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༠ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧང་ཀྲོའུ་གྲོང་ཁྱེར་དུ་སྐབས་དང་པོའི་འཛམ་གླིང་འཕྲིན་སྦྲེལ་དྲ་རྒྱའི་ཚོགས་ཆེན་དུ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་འཐུས་མི་ཚོར་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོ་དང་བཞུགས་མོལ་ཡང་གནང་བ་རེད། སྐབས་དང་པོའི་འཛམ་གླིང་འཕྲིན་སྦྲེལ་དྲ་རྒྱའི་ཚོགས་ཆེན་འདི་ནི་ཟླ་༡༡ཚེས་༡༩ཉིན་ནས་ཚེས་༢༡ཉིན་གྱི་བར་ཀྲེ་ཅང་ཞིང་ཆེན་ཝུའུ་གྲོང་བརྡལ་དུ་འཚོགས་པ་དང་། ཚོགས་ཆེན་འདི་འཚོགས་པའི་དམིགས་ཡུལ་ནི་ཚོགས་ཞུགས་མི་སྣ་ཚོར་སྤེལ་རེས་བྱེད་སྐབས་ངོས་འཛིན་གཅིག་མཐུན་ཡོང་བ་དང་། ངེས་འཛིན་གཅིག་མཐུན་བྱུང་བ་ལས་མཉམ་ལས་བྱེད་ཐབས། མཉམ་ལས་བྱེད་པའི་ཁྲོད་ནས་མཉམ་རྒྱལ་ཡོང་བ་བཅས་བྱས་ཏེ་འཕྲིན་སྦྲེལ་དྲ་རྒྱས་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་བྱ་རྒྱུ་དེ་རེད། འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པི་འཕྲིན་སྦྲེལ་དྲ་རྒྱའི་ལས་རིགས་ཀྱི་མི་སྣ་ཕུལ་བྱུང་ཅན་དང་། ཆེད་མཁས་དང་མཁས་དབང་གྲགས་ཅན། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི་སོགས་མི་གྲངས་༡༠༠༠ལྷག་ཙམ་ཚོགས་ཆེན་འདིར་ཞུགས་པ་རེད།