མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་བརྟག་དཔྱད་ཞིབ་འཇུག་
གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་པེ་ཅིང་དུ་བརྟག་དཔྱད་ཞིབ་འཇུག་གི་བཞུགས་མོལ་ཚོགས་འདུ་གསུམ་ལ་གཙོ་སྐྱོང་གནང་ཞིང་། གྲོས་ཚོགས་དེ་དག་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམིགས་ཏེ་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དང་། ཀྲུང་གོའི་གཏམ་རྒྱུད་ལེགས་པར་བཤད་རྒྱུ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ལ་སོགས་པའི་སྐོར་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་དང་། རིག་རྩལ་དང་། ཕྱི་ཕྱོགས་དྲིལ་བསྒྲགས། གསར་འགྱུར། རིགས་པའི་གཞུང་ལུགས་བཅས་པའི་ལས་རིགས་ཀྱི་ཆེད་མཁས་དང་མཁས་པ་རྣམས་ཀྱི་དགོངས་འཆར་དང་གྲོས་འགོ་ལ་གསན་ཏེ་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་བྱ་ཐབས་ཞིབ་ཕྲ་ཞིབ་འཇུག་བྱས་ཏེ་བཏོན་པ་རེད།