མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་གཡོད་ཧན་ཅི་ཀྲུང་གོ་དང་ནེའུ་ཙི་ལན་གྱི་གྲོང་སྤྱིའི་གླེང་སྟེགས་
འགོ་ཚུགས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་23ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་གཡོད་ཧན་ཅི་ཀྲུང་གོ་དང་ནེའུ་ཙི་ལན་གྱི་གྲོང་སྤྱིའི་གླེང་སྟེགས་
འགོ་ཚུགས་མཛད་སྒོར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༡ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨའོ་ཁེ་ལན་དུ་ནེའུ་ཙི་ལན་གྱི་ཙུང་ལི་གཡོད་ཧན་ཅི་དང་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་གྲོང་སྤྱིའི་གླེང་སྟེགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         ཞིས་ཅིན་ཕིང་གི་ཤིས་ཚིག་ནང་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་དབར་གྱི་དཔལ་འབྱོར་ཐད་ཕན་གསབ་རང་བཞིན་ཆེ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་མཛའ་གྲོཊ་ཀྱི་བརྩེ་སེམས་ཟབ་ལ། རྒྱལ་ཁབ་གཉིས་དབར་སྤེལ་རེས་ཟབ་པ་དང་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེས་ཕྱོགས་གཉིས་པོའི་འགྲོ་འོང་དང་མཉམ་ལས་ཐད་དུས་རབས་གསར་པ་ཞིག་བཏོད་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་དེ་སྣུམ་ཚོན་རི་མོ་ཞིག་དང་འདྲ་ལ། སྣུམ་ཚོན་རི་མོ་དེ་མཛེས་པོ་ཞིག་ཡོང་བ་བྱ་རྒྱུ་དེ་རི་མོའི་འབྲི་རྩལ་དང་ཆ་ཤས་ཀྱི་གཞི་རྒྱུར་ཐུག་ཡོད། རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་གྲོང་ཁྱེར་30ལྷག་ཙམ་ནི་ཆ་ཤས་གཞི་རྒྱུ་དེ་དག་ལས་གྲུབ་པའི་ཆ་ཞིག་ཡིན། ཀྲུང་གོས་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། དེ་དག་གིས་ནེའུ་ཙི་ལན་ལ་གོ་སྐབས་མང་པོ་མཁོ་འདོན་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་བར་ཁམས་ཆེན་པོ་བཏོད་ཡོད། རྒྱལ་ཁབ་གཉིས་པོས་གོ་སྐབས་དམ་འཛིན་དང་མཉམ་ལས་ཐད་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཞིག་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས།
        གཡོད་ཧན་ཅིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་ཐེངས་ནེའུ་ཙི་ལན་དུ་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོཊ་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བྱུང་བར་བརྟེན་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་འབྲེལ་བར་རེ་བས་ཁེངས་ཡོད། ནེའུ་ཙི་ལན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཛའ་གྲོགས་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དམངས་ཁྲོད་དབར་གྱི་འགྲོ་འོང་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         འགོ་ཚུགས་མཛད་སྒོ་གྲུབ་རྗེས། ཞིས་ཅིན་ཕིང་དང་གཡོད་ཧན་ཅིས་མཉམ་དུ་ཀྲུང་གོ་དངུལ་ཁང་ནེའུ་ཙི་ལན་ཚད་ཡོད་ཀུང་སི་དང་། ཀྲུང་གོ་འཛུཊ་སྐྲུན་དངུལ་ཁང་ནེའུ་ཙི་ལན་ཚད་ཡོད་ཀུང་སི། དབྱི་ལི་ཚོཊ་པའི་རྒྱ་མཚོ་ཆེ་མོའི་གླིང་གི་ཐོན་སྐྱེད་རྟེན་གཞི། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཁམ་བུ་སྨི་ཧོའུ་མཉམ་འབྲེལ་ཚོད་ལྟ་ཁང་གི་རྣམ་གྲངས་བཅས་ཀྱི་སྒོ་བྱང་བཀལ་གནང་བ་དང་འབྲེལ“ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བའི་སྐུལ་འདེད་ཨུ་ཡོན་ལྷན་ཁང”གི་ཁོངས་མིར་མཇལ་འཕྲད་གནང་ནས་ཁོང་ཚོས་རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།
        ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།