མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་
སྡེབ་ཐུག་འཕྲད་གནང་བ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་
སྡེབ་ཐུག་འཕྲད་གནང་བ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༢ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧྥི་ཅི་རྒྱལ་ཁབ་ཀྱི་ནན་ཏི་གྲོང་ཁྱེར་དུ་ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ལི་མུའུ་པའེ་ཉི་མ་ལ་མ་དང་། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མནའ་འབྲེལ་གྱི་ཙུང་ཐུང་མོ་ཡ། ས་མོ་ཡའི་ཙུང་ལི་ཐུའུ་དབྱི་ལ་ཨའེ་ཕ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར། ཝ་ནུ་ཨ་ཐུའི་ཙུང་ལི་ན་ཐུའུ་མན། ཁོ་གེ་གླིང་ཚོམ་གྱི་ཙུང་ལི་ཕུའུ་ན། ཐང་ཀའི་དབུ་བཞུགས་བློན་ཆེན་ཐུའུ་དབྱི་ཝ་ཁ་ནུའོ། ནིའུ་ཨེ་ཡི་ཙུང་ལི་ཐ་ལ་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་སྡེབ་ཐུག་འཕྲད་གནང་ནས་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་དང་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གཙོ་དོན་གཏམ་བཤད་གནང་ནས་དུས་བབ་གསར་པའི་འོག་ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རྒྱས་བཤད་གནང་བ་དང་ཀྲུང་གོ་ནི་གླིང་ཕྲན་རྒྱལ་ཁབ་ཀྱི་ཟོལ་མེད་ཀྱི་གྲོགས་པོ་དང་མཉམ་ལས་ཀྱི་རོགས་ཟླ་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་དང་མཐོ་ཏུ་གཏོང་རྒྱུའི་སྐོར་ལ་གཤམ་གསལ་གྱི་གྲོས་འགོ་བཏོན་པ་རེད།
         དང་པོ། ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུཊ་རྒྱུ། གླིང་ཕྲན་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་ལམ་ལུཊ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་རང་རྟེན་གདམ་ག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་བྱེད་པ་དང་། གླིང་ཕྲན་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་ས་ཁུལ་གྱི་བྱ་བ་དོ་དམ་དང་གཏན་འབེབས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གླིང་ཕྲན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བྱ་བའི་ནང་འདྲ་མཉམ་ངང་ཞུགས་པ་དང་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་།
         གཉིས་པ། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ། གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོར་འཚམས་འདྲི་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་ཆེད་དུ་འཐབ་ཇུས་འཆར་འགོད་དང་མཐོ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་གླིང་ཕྲན་རྒྱལ་ཁབ་དབར་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་སྐད་ཆ་ཤོད་རེས་དང་འགྲོ་འོང་བཅས་བྱས་ཏེ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་དང་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་སོགས་ལམ་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་མུ་མཐུད་ཡག་པོ་གཉེར་འདོད་ཡོད་པ།
         གསུམ་པ། དོན་དམ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་དུས་རབས་༢༡པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་ང་ཚོས་གླིང་ཕྲན་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུའི་རེ་བ་ཟོལ་མེད་བྱེད་པ་དང་། གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་འཁོར་ཐོག་ཞུཊ་རྒྱུར་དགའ་བསུ་ཟོལ་མེད་ཞུ་བ། གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ཞིང་ལས་དང་ཉ་ལས། རྒྱ་མཚོ། ནུས་རྒྱུ་ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱས་ནས་དར་རྒྱས་འགྲོ་འགོར་ཤོས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་གྱི་རྣམ་གྲངས་༩༧%གྱི་ཀྲུང་གོར་ཕྱིར་གཏོང་ཚོང་ཟོག་ལ་སྒོ་ཁྲལ་རྩ་ཆག་གཏོང་བའི་ཐོབ་ཐང་མཁོ་འདོན་བྱེད་འདོད་ཡོད། གླིང་ཕྲན་རྒྱལ་ཁབ་ཀྱི་གལ་ཆེའི་ཐོན་སྐྱེད་རྣམ་གྲངས་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལ་ཀྲུང་གོས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ།
         བཞི་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྒྱ་ཆེར་གཏོང་རྒྱུ། འབྱུང་འགྱུར་གྱི་ལོ་ལྔའི་ནང་ཀྲུང་གོས་གླིང་ཕྲན་རྒྱལ་ཁབ་ལ་སློབ་སྐུལ་བྱ་དགའི་དངུལ་གྱི་མི་སྐལ་༢༠༠༠དང་རིགས་ཁག་གི་ཞིབ་འཇུག་ཟབ་སྦྱོང་གསོ་སྦྱོང་གི་མི་སྐལ་༥༠༠༠མཁོ་འདོན་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་དང་ལས་རིགས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་སྨན་བཅོས་རུ་ཁག་འབྲེལ་ཡོད་གླིང་ཕྲན་རྒྱལ་ཁབ་ཏུ་ལས་དོན་སྒྲུབ་པར་མུ་མཐུད་མངགས་གཏོང་བྱ་རྒྱུ་དང་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཞིག་གླིང་ཕྲན་རྒྱལ་ཁབ་ཏུ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུའི་སྐུལ་མ་གཏོང་རྒྱུ།
         ལྔ་པ། ཕྱོགས་མང་མཐུན་སྦྱོར་ལ་ཤུཊ་སྣོན་རྒྱག་རྒྱུ། ཀྲུང་གོ་ཕྱོཊ་ཀྱིས་གླིང་ཕྲན་རྒྱལ་ཁབ་ཁག་དབར་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་། དབུལ་སྐྱོར་གེགས་སེལ། འབྲུ་རིགས་བདེ་འཇགས། ནུས་རྒྱུའི་བདེ་འཇགས། མི་ཆོས་རོགས་སྐྱོར་སོགས་ཀྱི་གནད་དོན་ལ་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་གླིང་ཕྲན་རྒྱལ་ཁབ་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་རྒྱབ་སྐྱོར་དང་། གླིང་ཕྲན་རྒྱལ་ཁབ་ལ་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་དངོས་ཟོག་དང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་སྒྲིག་བཀོད་མཁོ་འདོན། ས་ཡོམ་དང་མཚོ་ཡོམ་གྱི་ཉེན་ཟོན་ཉེན་བརྡ་དང་མཚོ་ངོས་ཀྱི་ལྟ་དཔྱད་བཅས་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་གླེང་སྟེགས་སོགས་གླིང་ཕྲན་རྒྱལ་ཁབ་ཀྱི་ས་ཁུལ་མཉམ་ལས་ལམ་སྲོལ་ནང་མུ་མཐུད་ཧུར་ཐག་ཞུགས་རྒྱུ་དང་མཉམ་འབྲེལ་རང་འབད་དང་། ཕན་ཚུན་རོགས་རམ། ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་སྲུང་སྐྱོང་བཅས་བྱེད་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།

༄༅།།ཞིས་ཅིན་ཕིང་གིས་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་
སྡེབ་ཐུག་འཕྲད་གནང་བ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ།