མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༤ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་འཇར་མན་སྲིད་འཛིན་མནའ་འབྲེལ་ཏང་གསུམ་གྱི་ཡ་གྱལ་ཅི་ཧྲེ་མནའ་འབྲེལ་གྱི་ཀྲུའུ་ཞིའམ་པ་ཧྥ་ལི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་ཙེ་ཧོ་ཧྥེར་ལ་མཇལ་འཕྲད་གནང་བ་རེད།
ཙེ་ཧོ་ཧྥེར་གྱིས་ཐོག་མར་སི་ཁྲོན་ཞིང་ཆེན་དར་མདོ་རྫོང་དུ་ས་ཡོམ་རིམ་པ་༦.༣བྱུང་བར་སེམས་གསོའི་འཚམས་འདྲི་གནང་བ་དང་། ལི་ཁེ་ཆང་གིས་ཙེ་ཧོ་ཧྥེར་གྱིས་སེམས་གསོའི་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ཡོམ་འགོག་གནོད་སེལ་གྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
ལི་ཁེ་ཆང་གིས་ཀྲུང་འཇར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཆུ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་གཏོང་བཞིན་ཡོད། ཕྱོགས་གཉིས་ཀས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་ནས་ཕན་ཚུན་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་རིང་བའི་གོང་དུ་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྲོས་མོལ་རེས་འཁོར་གསུམ་པར་གྲོས་མཐུན་བྱུང་བའི་<<ཀྲུང་འཇར་མཉམ་ལས་བྱ་སྤྱོད་རྩ་འཛིན་>>དོན་འཁྱོལ་ལེགས་པར་བྱས་ཏེ་བཟང་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་བྱ་དགོས་ཞེས་གསུངས་པ་རེད།
![]() |