མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གི“ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་མི་དམངས་ལ་ངག་ཐོག་གི་རྒྱབ་སྐྱོར་བྱ་རྒྱུའི་
རྒྱལ་སྤྱིའི་ཉིན་མོ”ལ་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་26ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༤ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་མི་དམངས་ལ་ངག་ཐོག་གི་རྒྱབ་སྐྱོར་བྱ་རྒྱུའི་རྒྱལ་སྤྱིའི་ཉིན་མོ”ལ་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གནང་བ་རེད།
     གློག་འཕྲིན་ནང་དུ་ཞིས་ཅིན་ཕིང་གིས་ལོ་རྒྱུས་ཀྱི་ཐོག་ནས་དྲག་ཤུགས་ཀྱིས་ཞི་བདེ་ཡོང་བར་བྱ་ཐབས་བྲལ། གྲོས་མོལ་བྱ་རྒྱུ་དེ་གཞི་ནས་ཕན་ཚུན་བར་གྱི་ཕྱོགས་འགལ་ཐག་གཅོད་བྱ་རྒྱུའི་ཐབས་ལམ་ཉག་གཅིག་ཡིན་པ་ར་སྤྲོད་ཡང་ཡང་བྱས་ཡོད། ཀྲུང་གོས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་བར་བསྐྱར་དུ་ཞི་མོལ་བྱེད་འགོ་སྔ་ཙམ་ཚུགས་ཏེ་ཞི་བདེ་ཡོང་བར་གོ་སྐབས་གནང་བ་དང་མི་དམངས་བདེ་འཁོད་ཡོང་བར་བྱ་རྒྱུའི་རེ་བ་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་བསྐྱར་གསོ་ཡོང་བར་བརྩོན་ལེན་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བློ་བརྟན་འགྱུར་མེད་བྱེད་ཀྱི་ཡིན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་ཞི་བདེ་མངོན་འགྱུར་བྱ་རྒྱུ་ནི་འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་བསམ་ཚུལ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དེའི་དོན་དུ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།