མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་གྲོང་གསེབ་ཀྱི་བཏུང་ཆུ་གནོད་མེད་ཡོང་བའི་གནད་དོན་ཐག་གཅོད་བྱ་
རྒྱུ་ནི་མང་ཚོགས་དུང་ཕྱུར་དུ་མར་ཕན་པའི་དོན་བཟང་ཞིག་ཡིན་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་26ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་གྲོང་གསེབ་ཀྱི་བཏུང་ཆུ་གནོད་མེད་ཡོང་བའི་གནད་དོན་ཐག་གཅོད་བྱ་
རྒྱུ་ནི་མང་ཚོགས་དུང་ཕྱུར་དུ་མར་ཕན་པའི་དོན་བཟང་ཞིག་ཡིན་ཞེས་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༤ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆུ་བེད་པུའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་གཙོ་སྐྱོང་གནང་བ་རེད། ལི་ཁེ་ཆང་གིས་རང་རྒྱལ་གྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་མགྱོཊ་མྱུར་ཕྱིན་པ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་རྒྱ་ཆེའི་ཆུ་བེད་ལས་བྱེད་པ་དང་ལས་བཟོ་པ་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྐྱེས་ཕུལ་བ་འདུས་ཡོད། ཆུ་བེད་འཛུཊ་སྐྲུན་དེ་ཕྱོགས་གཅིག་ལ་གཞི་རྩའི་དམངས་འཚོ་དང་འབྲེལ་ཡོད་པ་དང་།  ཕྱོཊ་གཞན་ཞིག་ལ་འབྱུང་འགྱུར་འཕེལ་རྒྱས་འགྲོ་བ་དང་འབྲེལ་ཡོད། འབད་བརྩོན་ཆེན་པོས་གྲོང་གསེབ་ཀྱི་གྲོང་མི་ཡོད་དོ་ཅོག་ལ་བཏུང་ཆུ་གཙང་མ་སྤྱོད་དུ་བཅུག་སྟེ་མང་ཚོགས་ལ་མ་མཐའི་འཚོ་གནས་ཆ་རྐྱེན་གསར་སྐྲུན་བྱ་རྒྱུ་ནི་སྲིད་གཞུང་གིས་འཁུར་དགོས་པའི་འགན་འཁྲི་ཡིན། སང་ལོ་ནི་ཐག་གཅོད་དམག་འཐབ་བྱ་རྒྱུའི་ལོ་ཡིན་ཞིང་། ང་ཚོའི་མདུན་དུ་ལྷགས་པ་ཚང་མ་དཀའ་གནད་ཆེ་བའི་ལས་ཀ་ཡིན་མོད། འོན་ཀྱང་དཀའ་གནད་ཇི་ལྟར་ཆེ་ཡང་ལེགས་འགྲུབ་བྱ་དགོས། དེ་ནི་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོན་པོ་ཡོད་མེད་དང་འབྲེལ་བ་ཡོད་པ་ཡིན་པས། ངེས་པར་དུ་དཀའ་གནད་ལས་རྣམ་པར་རྒྱལ་བའི་ལས་དོན་འདི་ལེགས་འགྲུབ་བྱ་དགོས་ཞེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་གྲོང་གསེབ་ཀྱི་བཏུང་ཆུ་གནོད་མེད་ཡོང་བའི་གནད་དོན་ཐག་གཅོད་བྱ་
རྒྱུ་ནི་མང་ཚོགས་དུང་ཕྱུར་དུ་མར་ཕན་པའི་དོན་བཟང་ཞིག་ཡིན་ཞེས་གསུངས་པ།