མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་པའི་
སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྣའི་འཐུས་ཚབ་ཚོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་27ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་པའི་
སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྣའི་འཐུས་ཚབ་ཚོར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༦ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིན་གྲོང་ཁྱེར་དུ་ མཛའ་བརྩེ་ལྡན་པའི་ངང་ནས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྣའི་འཐུས་ཚབ་མི་སྣ་ཚོར་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ལས་བྱེད་པ་རྒན་གྲས་སྐོར་གྱི་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་ཞིང་། ང་ཚོའི་ཏང་གི་ལས་དོན་ཁྲོད་དམིགས་བསལ་གལ་ཆེ་བའི་གོ་གནས་བཟུང་བ་དང་། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་བློ་མཐུན་རྒན་གྲས་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུའི་ལས་འགན་གལ་ཆེན་ཁུར་ཡོད། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བའི་མཐོ་ཚད་ཐོག་ནས་གནས་བབ་གསར་པའི་འོག་གི་ལས་བྱེད་པ་རྒན་གྲས་སྐོར་གྱི་ལས་དོན་ལེགས་འགྲུབ་ནན་ཏན་བྱས་ཏེ་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་རེ་རེ་བཞིན་དོན་ཐོག་ཏུ་དངོས་སུ་འཁྱོལ་བར་བྱ་དགོས་ཞེས་ནན་བཤད་གནང་།
     ཞིས་ཅིན་ཕིང་གིས་ད་དུང་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྣམས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་ཞིང་། བློ་མཐུན་རྒན་གྲས་རྣམས་ཀྱིས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་བྱེད་ཕྱོགས་ཡོངས་ཁྱབ་ཏུ་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་བ་དང་། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བློ་བརྟན་འགྱུར་མེད་གནང་ཞིང་། ཀུན་སྤྱོད་ལེགས་བཅོས་དང་རུལ་སུངས་སུ་འགྱུར་བར་ཆད་གཅོད་མཐའ་གཅིག་ཏུ་བྱ་རྒྱུར་རྒྱབ་སྐྱོར་བློ་བརྟན་འགྱུར་མེད་གནང་གི་ཡོད་པ་རེད། དེ་དག་གི་ཐོག་ནས་བློ་མཐུན་རྒན་གྲས་རྣམས་ཀྱིས་ཏང་ལ་བརྩེ་དུང་ཟབ་མོ་བཅངས་ཡོད་པ་དང་ཏང་གི་ལས་དོན་ལ་ལྷག་བསམ་རྣམ་དག་ཚད་མེད་བྱེད་ཀྱི་ཡོད་པ་གསལ་པོར་མཚོན་པ་རེད་ཅེས་ནན་བཤད་ཀྱང་གནང་བ་རེད།