མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་27ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༦ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཞབས་ཞུ་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་ཐོན་ལས་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་ཕྱི་ཕྱོགས་ཉོ་ཚོང་འགྲན་རྩོད་བྱེད་པའི་བཟང་ཆ་གསར་པ་བསྐྲུན་རྒྱུ་བཀོད་སྒྲིག་བྱས་པ་དང་། རིམས་ནད་འགོག་བཅོས་མི་སྣའི་ཉེན་འགོག་བདེ་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་བྱ་ཐབས་གཏན་འབེབས་བྱས་པ་མ་ཟད། <<རླུང་ཁམས་ཆེན་པོའི་སྦག་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་(དག་བཅོས་འཆར་ཟིན་)>>ཞེས་པར་གྲོས་བསྡུར་བྱས་ནས་གྲོས་འཆམ་ཡང་བྱུང་བརེད།