མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༣ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འཚོགས་འདུའི་ཐོག་ཁྱབ་རྒྱ་སྔར་ལས་ཆེ་བར་ཀྲུང་ཀོན་ཚུན་གྱི་ཚོད་ལྟའི་སྲིད་ཇུས་ཁྱབ་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་འཛུཊ་སྐྲུན་ལ་སྐུལ་སྤེལ་གང་མགྱོཊ་བཏང་ནས་མི་རྣམས་ཡོངས་ཀྱིས་གསར་གཏོད་དང་། མང་ཚོགས་ཡོངས་ཀྱིས་གསར་སྐྲུན་བྱ་རྒྱུར་སྐུལ་མ་སྔར་ལས་ལྷག་པར་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་དངུལ་རྩའི་ཁྲལ་སྡུད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། “ཞིང་གསུམ”བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ་རེད།