མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༤ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མ་དང་མཇལ་འཕྲད་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ཕྱོགས་ཡོངས་ནས་འཆར་འགོད་གནང་ནས་ཐུན་མོང་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འདི་ཉིད་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐོག་གཉིས་ཀར་ཕན་པ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོཊ་ཐོག་ཕན་ཚུན་དཔྱད་གཞིར་འཛིན་པ། བདེ་འཇགས་ཐད་ཕན་ཚུན་རོགས་རམ་བཅས་བྱེད་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྤེལ་བྱ་རྒྱུའི་གཏན་འབེབས་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་ཞིང་།ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། འདྲ་མཉམ་ཕན་ཚུན་ཡིད་ཆེས་དང་། ཕྱོགས་ཡོངས་ནས་མཉམ་ལས། གཉིས་ཕན་མཉམ་རྒྱལ། མཉམ་དུ་འཕེལ་རྒྱས་བཅས་བྱེད་པའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ནང་གི་བྱེད་ཕྱོཊ་གལ་ཆེན་དང་དམིགས་བཀར་འཐབ་ཇུས་ཀྱི་གདམ་ག་ཡིན་ཞེས་གསུངས་པ་རེད།