མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཀྲུང་རི་མཛའ་འབྲེལ་གྱི་དུས་རབས་༢༡པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་
ཚང་མར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཀྲུང་རི་མཛའ་འབྲེལ་གྱི་དུས་རབས་༢༡པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་
ཚང་མར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༤ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་སྐབས་ལྔ་པའི་ཀྲུང་འཇར་མཛའ་མཐུན་གྱི་དུས་རབས་༢༡པའི་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀའི་ཨུ་ཡོན་ཡོངས་ལ་མཇལ་འཕྲད་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐྱོན་བྲལ་ཞིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དེ་ཕྱོགས་གཉིས་ཀ་དང་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་འབྲེལ་བ་གལ་ཆེན་ཡོད་པ་རེད། ཀྲུང་གོའི་སྲིད་གཞུང་གིས་འཇར་པན་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ལག་ལེན་ལེགས་པར་བསྟར་བཞིན་ཡོད་པ་དང་། ཀྲུང་འཇར་བར་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་ནང་གཏན་ལ་ཕཔ་པའི་རྩ་དོན་ཁག་གི་རྨང་གཞིའི་ཐོག་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་ལ་བསམ་གཞིགས་བྱ་རྒྱུའི་སྙིང་དོན་ལ་གཞིགས་ཏེ་མུ་མཐུད་ནས་ཆབ་སྲིད་ཐད་ཀྱི་འགལ་རྐྱེན་སེལ་ཐབས་བྱས་ཏེ་ཀྲུང་འཇར་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།

༄༅།།ལི་ཁེ་ཆང་གིས་ཀྲུང་རི་མཛའ་འབྲེལ་གྱི་དུས་རབས་༢༡པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་
ཚང་མར་མཇལ་འཕྲད་གནང་བ།