མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཀའོ་ལིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༤ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ནོར་སྲིད་པུའི་པུའུ་ཀྲང་ཐུའོ་ལེ་སི་སོགས་ལ་མཇལ་འཕྲད་གནང་བ་རེད།
         ཀྲང་ཀའོ་ལི་ཡིས་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་ངོས་འཛིན་གཅིག་མཐུན་བྱུང་དོན་དོན་འཁྱོལ་ལེགས་པར་བྱས་ཏེ་དངོས་དོན་གཉེར་བའི་མཉམ་ལས་ཟབ་སྤེལ་བྱས་ནས་ནུས་ཁུངས་དང་། གཏེར་རྫས། ཞིང་ལས། རྨང་གཞིའི་སྒྲིག་བཀོད། ལག་རྩལ་མཐོ་གྲས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་སྐས་རིམ་གསར་པ་ཞིག་ཏུ་སྐྱོད་པར་སྐུལ་འདེད་གཏོང་དགོས་པ་དང་། ཐུན་མོང་ཐོག་གོང་དུ་འཕེལ་བར་སྐུལ་སྤེལ་བཏང་སྟེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུརབྱ་དགོས་ཞེས་བསྟན་པ་རེད།

༄༅།།ཀྲང་ཀའོ་ལིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།