མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་
ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་
ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ།

     ཟླ་༡༢ཚེས་༨ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་པེ་ཅིན་དུ“ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དབུ་བརྙེས་ནས་ལོ་བཅོ་ལྔ་འཁོར་བའི་གྲུབ་འབྲས་འགྲེམས་སྟོན”གྱི་མཛད་སྒོར་ཞུགས་པར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་ ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ་རེད།
     ཀྲང་ཏེ་ཅང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་༡༥སོང་བའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་ཐད་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་། མེས་རྒྱལ་ལ་དགའ་བ་དང་ཨའོ་མོན་ལ་གཅེས་པའི་འཕེལ་ཕྱོགས་གཙོ་བོའི་རིན་ཐང་ལྟ་བ་མི་རྣམས་ཀྱི་སེམས་ལ་འཇགས་ཤིང་། “རྒྱལ་ཁབ་གཅིག་ཏུ་ལམ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་བདེ་བླག་ངང་ལག་ལེན་བསྟར་བ་འདི་དག་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་སྟོབས་ལྡན་དང་ནང་ལོགས་ས་ཁུལ་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་བྲལ་ཐབས་མེད་ལ། དེའང་རྒྱ་ཆེའི་སྤུན་ཟླ་ཨའོ་མོན་པ་ཚོས་ཐུན་མོང་དུ་འབད་འཐབ་བྱས་པའི་གྲུབ་འབྲས་ཀྱང་རེད་ཅེས་བསྟན་གནང་བ་རེད།