མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༨ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་སྲུང་སྐྱོང་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཀྲང་ཀའོ་ལི་ཡིས་༢༠༡༤ལོའི་ཀྲུང་གོའི་སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་སྲུང་སྐྱོང་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་<<སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རྒྱལ་ཁབ་ཀྱི་ལས་སྒྲུབ་ཇུས་གཞི་(༢༠༡༤ལོ་ནས་༢༠༢༠ལོའི་བར་)>>ཞེས་པ་དང་<<སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་སྲུང་སྐྱོང་བྱ་རྒྱུའི་གལ་ཆེའི་ལས་གཞི་ལག་བསྟར་ཇུས་གཞི་(༢༠༡༤ལོ་ནས་༢༠༢༠ལོའི་བར་)>>ཞེས་པ་སོགས་གྲོས་ཞིབ་བྱས་པ་དང་འབྲེལ་སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་སྲུང་སྐྱོང་ལས་དོན་སྔར་ལས་ལེགས་པར་སྒྲུབ་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
![]() |