མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༠ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ་རེད།
         ལི་ཁེ་ཆང་གིས་མིག་སྔར་ཀྲུང་གོས་མང་ཚོགས་ཡོངས་ཀྱི་གསར་གཏོད་དང་མི་རྣམས་ཡོངས་ཀྱིས་གསར་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བར་བརྟེན་ནས་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པ་དང་། དཔལ་འབྱོར་གྱི“སྒུལ་བྱེད་འཕྲུལ་འཁོར”གསར་པ་བཟོ་སྐྲུན་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་མྱུར་ཚད་མགྱོགས་འབྲིང་ངང་འཕར་སྣོན་འགྲོ་བར་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་འབྲིང་དུ་འཕེལ་བར་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད།  ཨིར་ལན་རྒྱལ་ཁབ་ཀྱིས་དུས་རབས་གོང་མའི་ལོ་རབས་༨༠པར་གསར་གཏོད་དང་ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་དཔལ་འབྱོར་ཤེས་རིག་དཔལ་འབྱོར་གྱི་ཕྱོགས་སུ་མཆོང་སྐྱོད་ལྟ་བུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་ཉམས་མྱོང་སྤེལ་རེས་དང་ལོངས་སྤྱོད་བྱས་ཏེ་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་དུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ།