མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༠ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ་རེད།
         ཀྲང་ཏེ་ཅང་གིས་༢༠༡༢ལོར་ཀྲུང་ཨིར་རྒྱལ་ཁབ་གཉིས་བར་གཉིས་ཕན་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་ཁྱབ་ཁོངས་ཁག་གི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་ཨིར་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཐུན་མོང་གི་བསམ་འདུན་དང་བྱ་སྤྱོད་དངོས་སུ་གྱུར་པ་རེད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ལེགས་པོ་བྱས་པའི་རྨང་གཞིའི་ཐོག་མཛའ་མཐུན་འབྲེལ་བ་ཟབ་སྤེལ་བྱས་ཏེ་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་མཆོག་གཉིས་བར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་རིགས་དོན་ཐོག་ཏུ་ལེགས་པར་འཁྱོལ་བར་བྱས་ནས་འགྲོ་འོང་བྱེད་ཤུགས་ཆེར་གཏོང་དང་། ཕན་ཚུན་བསམ་ཤེས་བྱེད་ཚད་ཆེར་གཏོང་། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་ངོས་འཛིན་གཅིག་མཐུན་བྱེད་རྒྱ་ཆེར་གཏོང་བཅས་བྱས་ནས་ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་གཉེར་ལ་སོགས་པའི་ཐད་ཉམས་མྱོང་སྤེལ་རེས་ཧུར་ཐག་སྤེལ་ཏེ་ཁྱབ་ཁོངས་ཁག་ཏུ་དངོས་དོན་གཉེར་བའི་མཉམ་ལས་བྱེད་པར་བཅའ་ཁྲིམས་ཐོག་གི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་རྒྱུན་ཆད་མེད་པར་བཏང་ཐོག་ཀྲུང་ཨིར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

༄༅།།ཀྲང་ཏེ་ཅང་གིས་ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་བ།