མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཟླ་༡༢ཚེས་༡༣ཉིན་ནན་ཅིང་དམར་གསོད་ཆེན་མོའི་སྲོག་ཤོར་འདས་པོར་རྒྱལ་ཁབ་གཞུང་གི་
འདས་མཆོད་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

འདི་ལོའི་ཟླ་༡༢ཚེས་༡༣ཉིན་ནི་ནན་ཅིང་དམར་གསོད་ཆེན་མོའི་སྲོག་ཤོར་འདས་པོ་ཚོར་རྒྱལ་ཁབ་གཞུང་གི་འདས་མཆོད་ཞུ་བའི་ཉིན་མོ་ཐེངས་དང་པོ་ཡིན་པ་དང་། ཉིན་དེའི་སྔ་དྲོར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་རི་པིན་བཙན་འཛུལ་དམག་གིས་ནན་ཅིང་དམར་གསོད་ཆེན་མོ་བྱས་པར་སྲོག་ཤོར་སྤུན་ཟླའི་དྲན་གསོ་ཁང་དུ་རྒྱལ་ཁབ་གཞུང་གི་འདས་མཆོད་ཞུ་བའི་བྱེད་སྒོ་སྤེལ་བར་ཞུགས་རྒྱུ་རེད།
         ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ཞིང་། མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་གོའི་དྲ་རྒྱའི་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་དྲ་བ་བཅས་ཀྱིས་ཀྱང་དུས་མཉམ་ཐད་གཏོང་བྱ་རྒྱུ་རེད།