མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་བཀལ་ནས་དབུ་བརྙེས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་བཀལ་ནས་དབུ་བརྙེས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༠ཉིན་ཀྲུང་གོའི་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྒོ་བྱང་ཆབ་མདོ་གྲོང་ཁྱེར་དུ་དངོས་སུ་བཀལ་ནས་དབུ་བརྙེས་པས། ལོ་ལྔ་བཅུ་ཙམ་ལ་གནས་པའི་ཆབ་མདོ་སྲིད་འཛིན་ཀུང་ཧྲུའུ་དེ་ལོ་རྒྱུས་ཀྱི་སྟེགས་བུ་ནས་ཕྱིར་འཐེན་གནང་བ་དང་། སྒྲིག་གཞི་ཆ་ཚང་བའི་ས་ཁུལ་རིམ་པའི་རྒྱལ་ཁབ་ཀྱི་སྲིད་དབང་དངོས་ཚན་དངོས་སུ་དབུ་བརྙེས་པ་མཚོན་པ་རེད།
          དེ་དང་དུས་མཚུངས་སུ། ཉེ་སྔོན་མཇུག་བསྒྲིལ་བའི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག  ཆབ་མདོ་ས་ཁུལ་དེ་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་རྗེས་ཀྱི་སྐབས་དང་པོའི་གྲོང་ཁྱེར་ཏང་ཨུའི་འགོ་ཁྲིད་ཚན་པ་ཡང་དངོས་སུ་བདམས་ཐོན་བྱུང་བ་སྟེ། སྔོན་ས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ནོར་བུ་དོན་གྲུབ་(བོད་རིགས)ཆབ་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལ་བདམས་ཐོན་བྱུང་བ་དང་། ཨ་པོ་(ཧའེ་རིགས)དང་། ཧྲེ་ཞིང་ཡུས། ཡའོ་ཧུང་(ཐུའུ་ཅ་རིགས)། འཇམ་དབྱངས་བློ་གྲོས(བོད་རིགས)། ལི་ཧྥུ་ཀྲུང་བཅས་ཆབ་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ་རེད།

༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་བཀལ་ནས་དབུ་བརྙེས་པ།